དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གསོ་རིག་གནའ་གཞུང་གི་གྲངས་གཞི་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་རིཌ་གཅིག་མཁས་པས་རྩིས་ལེན་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-05-07

        ཉེ་དུས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ཀྱི་གསོ་རིག་གནའ་གཞུང་གྲངས་གཞི་ཅན་དང་། དཔེ་སྟོན་འཛུགས་སྐྲུན་རྣམ་གྲངས་ལ་རིགས་གཅིག་མཁས་ཅན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དེའི་ཐོག་ནས། སྤྱི་ལོའི་དུས་རབས་བརྒྱད་པའི་ཚུན་དུ་དཔེ་རྒྱུན་དཀོན་རིགས་དང་རྩ་ཆེའི་གནའ་དཔེ་ཚུད་པའི་བོད་ཀྱི་གསོ་རིག་ཀྱི་སྲོལ་རྒྱུན་ཚད་ལྡན་ཡིག་ཆ ༨༠༠ ལྷག་ཙམ་གྲངས་གཞི་ཅན་དང་དྲ་ཐོག་ནས་འཚོལ་བཤེར་ཐུབ་པ་མཚོན་པ་དང་། ཆབས་ཅིག་བོད་ཀྱི་གསོ་རིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དང་དཔེ་སྟོན་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་རྣམ་གྲངས་ཀྱང་ཉེ་དུས་སྤེལ་འགོ་ཚུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གསོ་བ་རིག་པའི་གནའ་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དང་དཔེ་སྟོན་འཛུགས་སྐྲུན་གྱི་རྣམ་གྲངས་དེ། ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཟོའོ་དང་། ལྗོངས་བོད་ཀྱི་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ཁྲེན་ཏུའུ་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་ཐོག་འགན་གཉེར་བྱས་པ་ཞིག་རེད། དུས་ཡུན་ལོ་གཉིས་ཙམ་གྱི་དུས་ཚོད་ནང་རྣམ་གྲངས་དེས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་འཚོལ་ཞིབ་མ་ལག་དང་། རྒྱབ་ཕྱོགས་དོ་དམ་དང་འཛད་སྤྱོད་དོ་དམ་གྱི་མ་ལག་གསར་སྤེལ་ལེགས་སྒྲུབ་བྱུང་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོ་ཆུང་གིས་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས་རྗེས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་གི་གྲངས་གཞི་ཅན་གྱི་འཚོལ་ཞིབ་མ་ལག་ཕྱི་ཕྱོགས་སུ་དངོས་སུ་འགྲེམས་བསྒྲགས་བྱས་ཏེ། རྒྱ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་པ་དང་ཞིབ་འཇུག་པ་ཚོར་གྲངས་གཞི་ཅན་གྱི་སྒོ་དབྱེའི་ལས་སྟེགས་ཤིག་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད། བེད་སྤྱོད་བྱེད་མཁན་གྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་འགག་རྩའི་ཚིག་དང་གནད་བསྡུས་འཚོལ་ཞིབ་བརྒྱུད་མཛོད་ཉར་ཐོན་ཁུངས་ཀྱི་ཐོག་མའི་གྲངས་གཞི་འཚོལ་ཞིབ་ཐུབ་པ་མ་ཟད། གནའ་གཞུང་ཐོན་ཁུངས་ཞིབ་འཇུག་དང་ལྟ་ཀློག་བྱེད་དུས་སྟབས་བདེ་གང་ལེགས་སྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།