དབུ་ཤོག>བོད་ལུགས་གསོ་རིག
  • ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ཟུང་འབྲེལ་བྱས་ནས་སྨན་བཅོས་བྱེད་པ་དེས་མང་ཚོགས་ནད་ལྟ་རྒྱུར་སྟབས་བདེ་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        2013ལོ་ཚུན་ཀན་སུའུ་ཞིང་ཆེན་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ཟུང་འབྲེལ་གྱི་གསོ་སྦྱོང་བྱེད་སྒོ་ཧུར་ཐག་སྤེལ་ནས་བོད་ལུགས་གསོ་རིག་གི་སྨན་པ་300ཙམ་གྱིས་གསོ་སྦྱོང་དང་ལེན་བྱས་པ་དང་འབྲེལ། དཔྱད་ཞིབ་ཚད་ལོན་བྱས་རྗེས་བོད་ལུགས་གསོ་རིག་གི་གསོ་སྦྱོང་ཚད་མཐུན་ལག་ཁྱེར་དང་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་འཚམ་མཐུན་ལག་རྩལ་གསོ་སྦྱོང་གི་ཐོབ་ཐང་ལག་ཁྱེར་ཐོབ་པ་རེད། གཞན་ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ནད་ཐོག་སྨན་བཅོས་ཐད་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་རང་སོ་སོའི་ཁྱད་ཆོས་གཞིར་བཟུང་ནད་བརྟག་སྨན་བཅོས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ། ཀྲུང་ལུགས་སྨན་དང་བོད་སྨན་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་མ་ལག་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་རྩིས་ཞུ་བྱེད་ཁོངས་སུ་བཅུག་ཅིང་། འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་སྨན་སྦྱོར་བ་དབང་ལྡན་འཚོས་ནད་པར་བོད་སྨན་སྦྱོར་སྡེབ་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།