དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཁྲག་རྒྱུན་ལྟེ་གནས་སུ་ཉེ་བའི་ལོ་ཤས་རིང་ཁྲག་རིགས་Bདང་Oདཀོན་པོ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

        འདི་ནི་ཟླ་6ཚེས་14ཉིན་གྱི་འཛམ་གླིང་ཁྲག་སྦྱིན་ཉིན་མོར་བོད་རིགས་བུ་མོ་སྐལ་བཟང་དབྱངས་ཅན (གཡོན )དང་གྲོགས་མོས་ལྷ་སའི་ཁྲོམ་གཞུང་དུ་ཡོད་པའི་ཁྲག་སྦྱིན་རླངས་འཁོར་ནང་ཁྲག་སྦྱིན་འབུལ་རྒྱུར་སྒུག་ནས་སྡོད་པའི་གནས་ཚུལ་ཡིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཆེད་དོན་གློག་འཕྲིན་འབྱོར་གསལ། “ངས་རྒྱུན་དུ་བརྙན་འཕྲིན་དང་ཚགས་པར་ཐོག་ནས་གྲོང་མིར་ཁྲག་སྦྱིན་འབུལ་རྒྱུའི་ལྕག་སྐུལ་བཏང་བའི་སྤྱི་ཕན་བརྡ་ཁྱབ་མཐོང་གི་འདུག དེ་རིང་ནི་ཁྲག་སྦྱིན་ཉིན་མོ་ཡིན་པས་ཆེད་མངགས་ཁྲག་སྦྱིན་འབུལ་བར་ཡོང་བ་ཡིན། སྐབས་རེ་ངས་ཀྱང་འཕྲིན་ཕྲན་ནང་གྲོགས་པོ་ཚོར་ཁྲག་སྦྱིན་འབུལ་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད། སྨན་ཁང་དུ་ནད་པར་གཤག་བཅོས་བྱེད་པར་ཁྲག་རྒྱུན་མེད་པའི་སྣང་ཚུལ་ཐོན་དུ་འཇུག་རྒྱུ་མེད ”ཅེས་ཚེས་14ཉིན་གྱི་སྔ་དྲོ་བུད་མེད་དགེ་རྒན་མཚམས་གཅོད་ཀྱིས་འཛུམ་མདངས་དང་བཅས་པའི་ངང་ལྷ་སའི་རྐང་ཐང་མའི་ལམ་དུ་ཡོད་པའི་ཁྲག་སྦྱིན་རླངས་འཁོར་ཐོག་ཁྲག་སྦྱིན་འབུལ་བཞིན་དེ་ལྟར་བཤད།

        འདི་ལོའི་ཟླ་6ཚེས་14ཉིན་ནི་འཛམ་གླིང་གི་ཁྲག་སྦྱིན་ཉིན་མོ་11པ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ “ཉེན་མེད་ཁྲག་རྒྱུན་ལས་སྐྱེད་མའི་ཚེ་སྲོག་སྐྱོབ ”ཅེས་བརྗོད་བྱ་གཙོ་བོར་བྱེད་པའི་སྤྱི་ཕན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཚན་རིག་དང་མཐུན་ཞིང་བདེ་འཇགས་ཀྱང་ཡིན་པའི་ཁྲག་སྦྱིན་འབུལ་བའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་དང་ཁྲག་སྦྱིན་སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱི་བྱ་ཐབས་ཐོག་ནས་རྒྱ་ཆེའི་གྲོང་མི་ཚོར་ཁྲག་སྦྱིན་རྒྱུན་ཤེས་ཁྱབ་གདལ་གཏོང་གི་ཡོད་པ་རེད། གྲོང་མི་མང་པོ་ཞིག་གིས་ཁྲག་སྦྱིན་ཕུལ་ནས་གཅེས་སེམས་མཚོན་པར་བྱས་པ་རེད།

        གསར་འགོད་པས་ལྷ་སའི་རྐང་ཐང་ལམ་དུ་ཡོད་པའི་ཁྲག་སྦྱིན་རླངས་འཁོར་གྱི་མདུན་ནས་ཁྲག་སྦྱིན་འབུལ་བར་ཡོང་མཁན་གྲོང་མི་རྫོགས་མཐའ་མེད་པ་མཐོང་བྱུང་། བོད་ཀྱི་ཁྲག་སྦྱིན་མང་ཤོས་ཕུལ་མཁན་ལེའོ་ཀྲི་ལིང་གིས “ཡུན་རིང་ཁྲག་སྦྱིན་འོས་འཚམ་འབུལ་རྒྱུ་མཐའ་འཁྱོངས་བྱས་ཚེ་ཁྲག་རྒྱུན་རྙིང་འབུད་གསར་ལེན་ཐུབ་པ་མ་ཟད་ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མང་བ་སོགས་ཀྱི་ནད་ཕོག་ཚད་ཀྱང་ཉུང་དུ་འགྲོ་ཐུབ། མི་དེ་བས་མང་བས་ཁྲག་སྦྱིན་འབུལ་རྒྱུའི་ནང་ཞུགས་ཏེ་སྤྱི་ཚོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་ལེགས་སྐྱེས་ཕྲན་བུ་འབུལ་རྒྱུའི་རེ་བ་ཡོད ”ཅེས་སྤོབས་པ་ཆེན་པོའི་སྒོ་ནས་བཤད།

        རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་སྤྱི་དམངས་ཁྲག་སྦྱིན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཆིའུ་ཧྲི་ཆུན་གྱིས་ཁྲག་རྒྱུན་ལྟེ་གནས་ཀྱིས་ཆ་སྙོམས་བྱས་ན་ལོ་ལྟར་ཁྲག་ཏུན་1.2ཙམ་འཐེན་གྱི་ཡོད་པ་དང་ཉིན་ལྟར་ཁྲག་སྣ་ཚོགས་མཁོ་ཚད་རྩིས་གཞི (རྩིས་གཞི་རེར་ཧའོ་ཧྲེང་200ཡིན་པ )20ནས་30བར་ཟིན་གྱི་ཡོད། སྨན་ཁང་ཁག་གི་ཁྲག་རྒྱུན་དགོས་མཁོར་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན་། ཉེ་བའི་ལོ་ཤས་རིང་བོད་དུ་ཁྲག་མཁོ་ཚད་གང་མྱུར་མང་དུ་ཕྱིན་ཡོད་པ་དང་དེའི་ནང་ནས་ཁྲག་རིགས་Bདང་Oདཀོན་ཤོས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།