དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་རིག་གི་གཅེས་ནོར་སྨན་ཐང་དེ་པེ་ཅིང་ཚོང་ཟོག་བརྗེ་རེས་ཀྱི་ཚོགས་འདུའི་ཐོག་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   |     སྤེལ་དུས།  2015-05-07

        ཉེ་ཆར། སྐབས་གསུམ་པའི་ཀྲུ་གོའི་པེ་ཅིང་རྒྱལ་སྤྱིའི་ཚོང་ཟོག་སྤེལ་རེས་ཀྱི་ཞབས་ཞུའི་ཚོགས་འདུ་སྤེལ་འགོ་ཚུགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཁོངས་ཀྱི་འཐུས་མི་རྣམས་ཀྱིས་ཚོགས་འདུའི་ཐོག འཛམ་གླིང་ཡུལ་ཕྱོགས་ཁག་ནས་ཡོང་བའི་མི་སྣ་རྣམས་ལ་བོད་ལུགས་གསོ་རིག་གི་གཅེས་ནོར་ སྨན་ཐང་སྟོན་པ་དང་ཆབ་ཅིག བོད་ལུགས་གསོ་རིག་གི་གྲུབ་འབྲས་རྣམས་ངོ་སྤྲོད་བྱས་ཡོད་པ་རེད།

        ཤེས་རྟོགས་བྱུང་བར། ཚོང་ཟོག་བརྗེ་རེས་ཚོགས་འདུ་ཚོགས་ཡུལ་དུ། བོད་ལུགས་གསོ་རིག་གི་གཅེས་ནོར་སྨན་ཐང་གིས་གཟིགས་མོ་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་། ཁོང་ཚོས་ད་དུང་འགྲེམ་སྟོན་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་གི་ཆེད་མཁས་པ་རྣམས་ལ་གནད་དོན་བཀའ་འདྲི་ཞུ་བ་དང་ཆེད་མཁས་པས་ཀྱང་ཁོང་ཚོའི་གནད་དོན་ལ་ལན་ཞིབ་ཚགས་འདེབས་ཡོད་པ་རེད། ད་དུང་འགྲེམ་སྟོན་ནང་ཞུགས་མཁན་མི་ཉུང་བ་ཞིག་གིས་ས་ཡུལ་དངོས་སུ་ཆེད་མཁས་པར་ན་ཚ་བཀའ་འདྲི་ཞུ་བ་དང་ཆེད་མཁས་པ་རྣམས་ཀྱིས་ཀྱང་ནད་བརྟག་དཔྱད་ཡོད་པ་རེད།

        ད་ཐེངས་ཀྱི་ཚོང་ཟོག་བརྗེ་རེས་ཚོགས་འདུའི་ཐོག་ད་དུང་མི་རིགས་གསོ་རིག་སྨན་བཅོས་དང་ལུས་ཁམས་བདེ་སྲུང་བྱེད་པའི་རྣམ་གྲངས་ཀྱི་ངོ་སྤྲོད་ཚོགས་འདུ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགྲེམ་སྟོན་ལ་ཞུགས་མཁན་འཐུས་མི་རྣམས་ཀྱིས་ས་ཡུལ་དངོས་སུ་བོད་ལུགས་གསོ་རིག་ལས་དོན་གྱི་འཕེལ་རྒྱས་དང་བོད་སྨན་གྱི་བདེ་ཐང་རང་བཞིན། བོད་ལུགས་གསོ་རིག་གི་དམིགས་བསལ་གྱི་སྨན་བཅོས་བྱེད་སྟངས་སོགས་དང་འབྲེལ་བའི་བརྗོད་བྱ་གཙོ་བོའི་གཏམ་བཤད་སྤེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།