དབུ་ཤོག>བོད་ལུགས་གསོ་རིག
  • པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        

        པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་།

        པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་སྒོ་བསྟེན་སྨན་ཁང་།

        ཞིབ་འཇུག་མི་སྣས་གནའ་བོའི་ཡིག་ཚགས་ལེགས་སྒྲིག་བྱེད་བཞིན་ཡོད་པ།

        པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་ངམ་པེ་ཅིང་མི་རིགས་སྨན་ཁང་ནི་རང་རྒྱལ་གྱི་བོད་ལུགས་གསོ་རིག་གིས་གཙོ་གཉེར་བྱས་པ་དང་། མི་རིགས་མང་པོའི་གསོ་རིག་དང་། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་མཉམ་དུ་ཟུང་འབྲེལ་བྱས་པའི་རྒྱལ་ཁབ་རིམ་པའི་མི་རིགས་ཀྱི་སྨན་ཁང་གཅིག་པུ་དེ་ཡིན། དེ་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་ཆོག་མཆན་ཐོབ་པའི་གཙོ་གནད་མི་རིགས་སྨན་ཁང་འཛུགས་སྐྲུན་ཚན་པ་དང་། པེ་ཅིང་གྲོང་ཁྱེར་གྱི་གཞི་རྩའི་སྨན་བཅོས་འགན་ལེན་གནད་གཏན་འཁེལ་བྱས་པའི་སྨན་ཁང་ཞིག་ཀྱང་ཡིན།

        པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་དེ་1992ལོར་བཙུགས་པ་དང་། དེ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་མཉམ་འབྲེལ་ཐོག་གསར་སྐྲུན་བྱས་པ་རེད།

        1998ལོར་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་བཅས་ཀྱིས་་མཉམ་འབྲེལ་ཐོག་ཡིག་ཆ་སྤེལ་ནས། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་དེ “བོད་ལུགས་གསོ་རིག་གིས་གཙོ་བོར་བྱེད་པ་དང་། མི་རིགས་མང་པོའི་གསོ་རིག་གཅིག་ཏུ་འདུས་པའི་མི་རིགས་ཀྱི་གསོ་རིག་དང་། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ། གསོ་རིག་གི་རིག་གཞུང་དང་། སློབ་ཁྲིད། ཞིབ་འཇུག་བཅས་གསུམ་ཟུང་འབྲེལ་བྱས་པའི་རྒྱལ་ཁབ་རིམ་པའི་མི་རིགས་གསོ་རིག་གི་ལས་ཁུངས་ཞིག་ཏུ ”རྒྱས་སྐྲུན་བྱེད་རྒྱུའི་གཏན་འབེབས་བྱས་པ་མ་ཟད། 2000ལོར་ཡ་གླིང་ལུས་རྩལ་གྲོང་ཁུལ་སྤོས་ནས་རྒྱས་སྐྲུན་བྱས་ཏེ་2002ལོར་ད་ལྟའི་གནས་ཡུལ་དུ་སྤོས།

        ཕུལ་བྱུང་གི་ལག་རྩལ་དང་སྔོན་ཐོན་གྱི་སྒྲིག་ཆས་ཟུང་འབྲེལ་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་བྱེད་པ།

        པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད། གཙོ་བོ་ནད་ཐོག་དང་། ཚན་ཞིབ། སློབ་ཁྲིད་བཅས་ཟབ་འབྲེལ་དོ་ནན་བྱས་ཏེ། རྒྱལ་སའི་ཚན་རྩལ་དང་ཤེས་ལྡན་མི་སྣའི་ལེགས་ཆ་གང་ལེགས་སྤྱོད་པ་དང་། མི་རིགས་ཀྱི་གསོ་རིག་སྟོབས་ཤུགས་གོང་མཐོར་བཏང་ནས་སྔ་རྗེས་སུ་རྒྱལ་ཁབ་དང་། ཞིང་ཆེན་གྲོང་ཁྱེར་རིམ་པའི་ཚན་རྩལ་ཞིབ་འབྲེལ། ་གཞི་མང་དག་ཞིག་འགན་འཁུར་བྱས་པ་དང་འབྲེལ་རྒྱལ་སྤྱི་རྒྱལ་ནང་གི་ཚན་ཞིབ་ལས་ཁུངས་བཅུ་གྲངས་ཙམ་ལ་ཚན་ཞིབ་མཐུན་སྦྱོར་གྱི་འབྲེལ་བ་བཙུགས་ཡོད། བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་། ནད་ཐོག་ཞིབ་འཇུགབོད་སྨན་ཞིབ་འཇུག་སོགས་ཀྱི་ཐད་དམིགས་བསལ་གྲུབ་འབྲས་ཡང་ཐོན་ཡོད།

        དུས་མཚུངས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་ད་དུང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ནད་ཐོག་སློབ་ཁྲིད་ཀྱི་འགན་ནུས་ཁུར་ཡོད། ད་དུང་བོད་ཀྱི་གསོ་རིག་དང་། བོད་སྨན། མི་རིགས་གསོ་རིག་བཅས་རྒྱུད་འཛིན་དང་། སྔོག་འདོན། འཕེལ་རྒྱས་བཅས་ཡོང་བ་བྱ་ཆེད་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་ལས་དོན་མང་པོ་ཞིག་སྒྲུབ་ཡོད། ལྷག་པར་དུ་དོགས་སྐྱེའི་དཀའ་ནད་ཀྱི་ནད་རིགས་སྣ་ཚོགས་སྨན་བཅོས་བྱེད་སྟངས་ཐད་རང་སོ་སོའི་དམིགས་བསལ་ཁྱད་ཆོས་ལྡན་ཡོད་ལ། སྨན་བཅོས་བྱས་ནས་དྲག་སྐྱེས་བྱུང་བའི་ནད་པ་ཁྲི་ཡན་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག་མི་རིགས་གསོ་རིག་ཀྱི་འཕེལ་རིམ་དེར་མདུན་གྲལ་རང་བཞིན་ཞིབ་འཇུག་བྱས་ཡོད། སྨན་ཁང་དེ་དུས་ཡུན་ལོ་19རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད། གཞི་ཁྱོན་ཆེ་ཞིང་། སྡེ་ཚན་ཆ་ཚང་བ། མཁོ་ནུས་འཐུས་ཚང་། སྒྲིག་ཆས་སྔོན་ཐོན། ཞབས་ཞུ་སྤུས་ལེགས། གསོ་རིག་དང་། སློབ་གསོ། ཞིབ་འཇུག་བཅས་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་བསྡུས་རང་བཞིན་ལྡན་པའི་གཞི་ཁྱོན་ལྡན་པའི་མི་རིགས་ཀྱི་སྨན་ཁང་ཅིག་ཆགས་ཡོད་ལ། མིག་སྔར་མུ་མཐུད་རྒྱལ་ཁབ་རིམ་པའི་སློབ་གསོའི་རྟེན་གཞི་དང་། རྒྱལ་ཁབ་རིམ་པའི་ཕྱི་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི། རང་རྒྱལ་གྱི་མི་རིགས་གསོ་རིག་གི་ལག་རྩལ་རྒྱུད་སྤེལ་ཁུལ། མི་རིགས་གསོ་རིག་གི་རིག་གནས་དར་སྤེལ་གཏོང་ཁུལ། མི་རིགས་གསོ་རིག་སྨན་རྫས་ཀྱི་མི་སྣ་གསོ་སྐྱོང་ཁུལ་བཅས་ཀྱི་གཙོ་གནད་རྟེན་གཞིར་འགྱུར་བཞིན་ཡོད།

        སླད་ཕྱིན་གྱི་གསོ་རིག་འཕེལ་རྒྱས་ལ་གཞིགས་ནས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་པེ་ཅིང་དུ་གཞིས་ཆགས་པ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ། འཛམ་གླིངདུ་བསྐྱོད་པ། མི་གཙོ་བོར་འཛིན་པའི་དགོངས་དོན་རྒྱུད་འཛིན་བྱེད་པ། ནད་པ་གཙོ་བོར་འཛིན་པའི་ཞབས་ཞུའི་འདུ་ཤེས་བཅས་ཀྱི་ཐོག་ནས་ཧུར་བཙོན་ངང་མི་རིགས་སྨན་ཁང་གི་དོ་དམ་རྣམ་པ་འཚོལ་ཞིབ་བྱས་ནས་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་དེ་“རྒྱལ་ནང་དུ་ཨང་དང་པོར་སླེབས་པ་དང་། རྒྱལ་སྤྱིའི་ཐོག་མིང་གྲགས་ཡོད་པ། བོད་ལུགས་གསོ་རིག་གཙོ་བོར་འཛིན་པ། མི་རིགས་མང་པོའི་གསོ་རིག་གཅིག་ཏུ་འདུས་པ ”བཅས་ཀྱི་དེང་རབས་ཅན་གྱི་མི་རིགས་ཕྱོགས་བསྡུས་སྨན་ཁང་ཞིག་དུ་འཛུགས་སྐྲུན་བྱེད་རྒྱུར་འབད་འཐབ་ལྷོད་མེད་བྱས་ཡོད།

        མིག་སྔར། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་བོད་སྨན་ཚན་ཁག་དུ་ སྙིང་ནད་ཀླད་རྩ་དང་། ཕོ་རུབ་རང་བཞིན་གྱི་ཕོ་ཚད། མཆིན་མཁྲིས་ནད། གཅིན་སྙིའི་ཟགས་ཁུའི་ནད་དང་མཁལ་མའི་ཁྱད་ལྡན་ཆེད་ལས་ཚན་ཁག བུད་མེད་ཚན་ཁག བོད་ལུགས་གསོ་རིག་མཁས་དབང་སྒོ་བསྟེན་སྨན་ཁང་། སྨན་ལུམས་སོགས་ཆེད་བཅོས་ནད་རིགས་ཚན་ཁག་དང་། ཀྲོང་རིགས་གསོ་རིག་ཚན་ཁག་ལ་ཁྲག་རྩ་དང་རྒྱུད་པའི་ཚན་ཁག ཐུའུ་ཅ་རིགས་ཀྱི་མངལ་མི་འཁོར་བའི་ནད་ཀྱི་ཆེད་ལས་ཚན་ཁག དབྱིས་རིགས་གསོ་རིག་གི་ཤ་འཛེར་ཆེད་ལས་ཚན་ཁག་སོགས་བཙུགས་ཡོད། དེ་མིན། པེ་ཅིང་གསོ་རིག་སྨན་ཁང་ལ་ཀྲུང་ལུགས་གསོ་རིག་གི་ཀླད་ནད་ཆེད་ལས་ཚན་ཁག་དང་། ནུ་མའི་གཤེར་རྨེན་ཚན་ཁག དབུགས་འཚང་ནད་ཀྱི་ཆེད་ལས་ཚན་ཁགལྤགས་ནད་ཆེད་ལས་ཚན་ཁགགྲུམ་ནད་ཆེད་ལས་ཚན་ཁག་བཅས་དང་དེ་མིན་ཕྱི་ལུགས་ཀྱི་གསོ་རིག་དང་། སྙིང་ཀྱི་ནད། སྙིང་ནད་ཕྱི་བཅོས་ནད། ཀླད་རྩའི་ནད། ཀླད་རྩའི་ཕྱི་ནད། ཁ་ནང་གི་ནད། ནད་འགོག་ཚན་ཁག་སོགས་བཙུགས་ཡོད། དེ་བཞིན་ཁ་ནང་དུ་གནོད་མེད་རང་བྱུང་ཀྱི་བོད་སྨན་བཟའ་བ་དང་། ལུས་པོའི་ཕྱིར་གསེར་ཁབ་དང་། དངུལ་ཁབ། སྤྲ་མེ། སྨན་ལུམས་རྒྱག་པ་སོགས་ཀྱི་སྨན་བཅོས་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་ཁྲག་ཤེད་མཐོ་བའི་ནད་དང་། སྙིང་ནད། སྙིང་ཁྲག་འཁོར་རྒྱུག་མི་འདེང་བའི་ནད། ཀླད་པའི་ཁྲག་རྩ་འགག་པའི་ནད། གྲིབ་ནད། ཀླད་འཁུམས་ཀྱི་ནད། ཀླད་ཁྲག་ཤོར་བའི་ནད། ཀླད་པའི་འཕར་རྩ་མཁྲེག་པོར་གྱུར་བའི་ནད།

        གསོ་བྱས་དམིགས་བསལ་ཁྱད་ཆོས་ལྡན་པའི་སྨན་ལུམས་རྒྱག་པ།

        ཀླད་པར་གཤག་བཅོས་བྱས་ཟིན་གྱི་མཇུག་རྐྱེན་ནད་སོགས་ཕོག་པའི་གསོ་བྱར་སྨན་བཅོས་དེ་དག་བྱས་ན་ཕན་འབྲས་དམིགས་བསལ་ཐོན་གྱི་ཡོད། ལྷག་པར་དུ་ལུམས་བཅོས་དེར་ལོ་རྒྱུས་རྒྱུན་རིང་ལྡན་པ་དང་། སྨན་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པ། རིན་གོང་དམའ་ལ་སྟབས་བདེ་བ། ཕན་ནུས་དམིགས་བསལ་ཡོད་པས། ནད་པས་སྨན་བཅོས་དང་ལེན་བྱ་རྒྱུར་་དགེ་མཚན་ཆེན་པོ་ལྡན་ཡོད།

        ནད་པར་སྟབས་བདེ་ཡོང་ཆེད། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གིས་ཆུ་ཚོད་24རིང་གི་ཁ་ནད་རིགས་ཀྱི་སྒོ་བསྟེན་ཚན་ཁག་དང་། མིག་ནད་ཚན་ཁག་གིས་སྐྱ་གྲིབ་ལྟེ་གནས་ཚན་ཁག་ཡང་བཙུགས་ཡོད།

        (མིག་དམར་གྱིས་སྒྱུར་ཞུས་བྱས། )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།