དབུ་ཤོག>བོད་ལུགས་གསོ་རིག
  • བུ་མོ་མེ་ཏོག་གི་འཛུམ་མདངས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

        ཟླ་5ཚེས་11ཉིན། བུ་མོ་མེ་ཏོག་སྨན་ཁང་ནས་ཐོན་སྐབས་རང་ཉིད་ལ་ལྟ་རྟོག་བྱེད་མཁན་གྱི་སྨན་པ་ཚོར་ལག་པ་གཡུག་སྟེ་གྱེས་བྲལ་ཞུ་བ།

        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། བུ་མོ་མེ་ཏོག་ནི་བོད་ལྗོངས་ནག་ཆུ་རྫོང་གི་འབྲོག་པའི་ཁྱིམ་ཚང་དུ་སྐྱེས་པའི་ཕྲུ་གུ་ཞིག་ཡིན་པ་དང་ལོ་4ཡི་གོང་དུ་བུ་མོ་མེ་ཏོག་སྐྱེས་དུས་ནས་ལྷན་སྐྱེས་རང་བཞིན་གྱི་མཆུ་རལ་རྐན་རལ་གྱི་ནད་ཕོག་ཡོད། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པ་དང་མ་ཟད་ཁྱིམ་ཚང་དབུལ་བ་སོགས་ཀྱི་རྐྱེན་པས་བུ་མོ་མེ་ཏོག་སྨན་བཅོས་བྱེད་ཐུབ་མེད། ད་ལོའི་ཟླ་5ཚེས་4ཉིན། ཀྲེ་ཅང་ཞིང་ཆེན་བོད་སྐྱོར་ལས་བྱེད་པའི་རོགས་སྐྱོར་འོག “ཀྲུང་གོའི་འཛུམ་མདངས་བྱ་སྤྱོད ”ཀྱི་དང་བླངས་པ་བོད་ལ་ཐེངས་དང་པོ་སླེབས་པ་དང་བུ་མོ་མེ་ཏོག་ཚུད་པའི་མཆུ་རལ་རྐན་རལ་གྱི་ནད་གཞི་ཕོག་པའི་ནད་པ་12ལྷ་སར་འཁྲིད་ཡོང་སྟེ་སྨན་བཅོས་ཆ་རྐྱེན་ཅུང་ལེགས་པའི་དྲག་ཆས་ཉེན་རྟོག་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་སྨན་ཁང་དུ་རིན་པ་མི་དགོས་པར་གཤགས་བཅོས་བྱས་པ་རེད། སྨན་དོན་མི་སྣ་དང་དང་བླངས་པས་ཐུགས་ཁུར་དང་ལྟ་རྟོག་གང་ཟབ་བྱས་པས་བུ་མོ་མེ་ཏོག་ནད་གཞི་དྲག་སྐྱེས་ཡག་པོ་བྱུང་བ་དང་ཟླ་5ཚེས་11ཉིན་གྱི་སྔ་དྲོ་གཤགས་བཅོས་ཀྱི་སྐུད་པ་དཀྲོལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།