དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཁྲིན་ཏུའུ་རུ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཆ་འཕྲིན་ལྟེ་གནས།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་ཁྱིམ་བདག་དང་བྱིས་པ་ཁྲིན་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་འབྱོར་བ།

        ད་ལོའི་ཟླ་བདུན་པར་ཁྲིན་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པའི་དུས་དང་བསྟུན་ནས། མང་ཚོགས་རྣམས་ཀྱི་ལུས་ཕུང་ལ་བརྟག་དཔྱད་བྱེད་སྐབས་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་མང་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་ནས་བྱིས་པ་བཅུ་གསུམ་ལ་གཤགས་བཅོས་བྱེད་རྒྱུའི་གཏན་འཁེལ་བྱས།

        ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཁག་དང་པོའི་ཁྱིམ་ཚང་དབུལ་བོའི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཁྲིན་ཏུའུ་རུ་འབྱོར་བ་དང་། གཟའ་འཁོར་གཅིག་རིང་གི་དུས་ཚོད་བེད་སྤྱད་ནས་བྱིས་པ་རྣམས་ལ་ཁྲིན་ཏུའུ་དམག་ཁུལ་སྨན་ཁང་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།