དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།   |     སྤེལ་དུས།  2015-05-07

        སེམས་མཐུན་དང་ཀུན་བྱམས་ཞེས་པའི་བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོ་འཚོགས་པ།

        བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོའི་པར་རིས།

        ཚེས་16ཉིན། སེམས་མཐུན་དང་ཀུན་བྱམས་ཞེས་པའི་བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོ་དེ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། བོད་ལྗོངས་ལྷ་ས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བོད་ཁུལ་སོགས་ནས་ཡོང་བའི་གྲོང་སྡེའི་སྨན་པ་དྲུག་ཅུ་པེ་ཅིང་དུ་ཉིན་ལྔའི་རིང་གསོ་སྦྱོང་ལ་ཞུགས་ནས་བདེ་བླག་ངང་སློབ་མཇུག་སྒྲིལ་ཡོད། སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གོང་སྤེལ་ལྟེ་གནས་ཀྱིས་ལྗོངས་དང་ཞིང་ཆེན་ལྔ་ནས་ཡོང་བའི་སློབ་མ་རྣམས་སྡོད་སའི་སྨན་བཅོས་ལས་ཁུངས་ལ་གྲངས་འཛིན་ཆེད་སྤྱོད་དྲ་རྒྱ་དང་དེང་རབས་ཅན་གྱི་བཪྙན་གཟུགས་སོགས་ལྡན་པའི་ནད་གཞི་རྒྱང་བརྟག་གི་རྒྱ་གྲམ་དམར་པོའི 999ཅན་གྱི་མྱུར་སྐྱོབ་རླངས་འཁོར་དྲུག་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།