དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱིས་སྨན་རྫས་ཐོན་ཁུངས་རྩིས་བཤེར་བྱས་ནས་སྨན་སྤྱོད་སྐྱེ་དངོས་རིགས3000ལྷག་ཪྙེད་པ།

  •     རྩོམ་པ་པོ།  མཚོ་སྔོན་པོ་དྲ་བ།   |     སྤེལ་དུས།  2015-05-07
    རྩིས་བཤེར་རུ་ཁག་གིས་སྨན་རྫས་ཐོན་ཁུངས་རྩིས་བཤེར་བྱེད་ཀྱིན་པ།

    རྩིས་བཤེར་རུ་ཁག་གིས་སྨན་རྫས་ཐོན་ཁུངས་རྩིས་བཤེར་བྱེད་ཀྱིན་པ།

        ད་ལོའི་ཟླ 5བ་ནས་བཟུང་བོད་ལྗོངས་ཀྱིས་ཀྲུང (བོད )ལུགས་སྨན་རྫས་ཐོན་ཁུངས་རྩིས་བཤེར་གྱི་ལས་གཞི་འགོ་བརྩམས་ཤིང་། དེ་ནི་བོད་ལྗོངས་ཀྱིས་ཐེངས་དང་པོར་ཁོངས་ཆེ་ཞིང་གཞི་རྒྱ་ཅན་གྱིས་སྒོ་ནས་སྤེལ་བའི་ལྗོངས་ཡོངས་ཀྱི་སྨན་རྫས་ཐོན་ཁུངས་རྩིས་བཤེར་བྱས་པ་ཡིན་ལ། རྩིས་བཤེར་བྱེད་འགོ་ཚུགས་པའི་སྐབས་སུ་བོད་ལྗོངས་ཀྱི་རྫོང 26ལས་གཞིའི་ཁོངས་སུ་འབྲེལ། རྩིས་བཤེར་རུ་ཁག་དེ་བོད་ལྗོངས་ལྷོ་ཁ་དང་གཞིས་ཀ་རྩེ། ཉིང་ཁྲི་སོགས་ཀྱི་རྫོང 17ལ་སོང་ནས་ད་ལོའི་ཟླ 9པའི་བར་ཁྱོན་བསྡོམས་སྨན་སྤྱོད་སྐྱེ་དངོས་རིགས 3000ལྷག་རྩིས་བཤེར་བྱས་པའི་ཁྲོད། རྒྱལ་ཁབ་ཀྱི་སྨན་རྫས་གཙོ་ཤོས་རིགས 90ལྷག་དང་། ཁྱད་ལྡན་སྨན་རྫས་རིགས 50ལྷག སྐྱེ་དངོས་གསོབ་གཟུགས་ཁྲི 3.7ལྷག་འཚོལ་བསྡུ་བྱས། སྐར་མ 2800རིང་གི་དུས་མཉམ་བཪྙན་གཟུགས་རྒྱུ་ཆ་ཕབ་བསྐྲུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།