ཕ་ཡུལ་ནས་མ་ཐོན་གོང་བསྟན་སྒྲོལ་གྱིས་རང་ཉིད་ལ་རོགས་རམ་བྱེད་མྱོང་བའི་དང་བླངས་པར་ཁ་བཏགས་གཡོག་པ།
ཨ་ཕས་བསྟན་སྒྲོལ་ལ་ཕ་ཡུལ་ནས་མ་ཐོན་གོང་དགུང་ཟས་སྟེར་བ།
ཕ་ཡུལ་ནས་མ་ཐོན་གོང་བསྟན་སྒྲོལ (གཡོན་གྱི་དང་པོ )གྱིས་རང་ཉིད་ཀྱི་རོགས་པ་ཚོ་དང་གྱེས་ཁའི་སྐད་ཆ་ཤོད་པ།
བཤགས་བཅོས་མཇུག་སྒྲིལ་རྗེས་ཨ་ཕས་བསྟན་སྒྲོལ་གྱི་སྐྲ་བཟོ་བ།
བསྟན་སྒྲོལ་གྱིས་ཉིན་ཐོའི་ནང་བཤགས་བཅོས་བདེ་བླག་ཡོང་བ་དང་གང་མགྱོགས་དྲག་སྐྱེསའབྱུང་ནས་རྒྱུན་གཏན་ལྟར་སྤྲོ་སྣང་ལྡན་པའི་ངང་འཚོ་བ་སྐྱེལ་ཐུབ་པའི་རེ་འདུན་བྲིས་ཡོད་པ།
བཤགས་བཅོས་མ་བྱང་གོང་བསྟན་སྒྲོལ་གྱི་ལག་པ་སྨན་ཆུ་བླུགས་པའི་རྐྱེན་གྱིས་གྲང་མོར་གྱུར་བས་ཨ་ཕས (གཡས )ཁོ་མོའི་ལག་པ་ཚ་པོ་བཟོ་བ།
བཤགས་བཅོས་ལེགས་གྲུབ་བྱུང་རྗེས་བསྟན་སྒྲོལ་གྱི་ཨ་ཕའི (གཡོན་གྱི་གཉིས་པ )ངོ་གདོང་ཐོག་འཛུམ་ཟེར་ཕྱུག་པ།
བསྟན་སྒྲོལ་གྱིས་ནད་ཁང་ནང་ནད་རོགས་ཆུང་ཆུང་ཞིག་པང་དུ་འཁྱེར་བ།
ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ལོ་16ལ་སླེབས་པའི་བསྟན་སྒྲོལ་ནི་བོད་ཀྱི་མལ་གྲོ་གུང་དཀར་རྫོང་དུ་སྐྱེས་པ་དང་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས་ཀྱི་ཕོ་ཉའི་འོད་ཟེར་ཐེབས་རྩ་དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་བོད་དུ་སྤེལ་བའི “སྙིང་ནད་བཅོས་པའི ”བྱེད་སྒོའི་ཁྲོད་ལྷན་སྐྱེས་སྙིང་ནད་ཕོག་པ་གྲལ་བཤེར་ཐུབ་ཅིང་། མ་ཟད་ཟླ་7ཚེས་19ཉིན་མེ་འཁོར་བསྡད་ནས་པེ་ཅིང་དུ་བསྐྱོད་དེ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་དུ་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱས་ཡོད། ཟླ་7ཚེས་25ཉིན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་བསྟན་སྒྲོལ་ཚུད་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5ལ་བཤགས་བཅོས་བྱས་པ་དང་། བྱིས་པ་4ཡི་བཤགས་བཅོས་བདེ་བླག་བྱུང་ནས་ཚང་མ་ཆུ་ཚོད་ཕྱེད་ཀའི་ནང་གྲུབ་ཡོད། འོན་ཀྱང་བསྟན་སྒྲོལ་གྱི་གནས་ཚུལ་ཅུང་ཪྙོག་འཛིང་ཆེ་བས་ཆུ་ཡོད་1ལྷག་ཙམ་གྱི་བཤགས་བཅོས་དང་ལྟ་ཞིབ་བྱས་རྗེས་ལེགས་གྲུབ་བྱུང་ཡོད། ཟླ་8པའི་ཚེས་5ཉིན། བསྟན་སྒྲོལ་དང་དེ་མིན་བཤགས་བཅོས་ལེགས་གྲུབ་བྱུང་བའི་བྱིས་པ་རྣམས་གནམ་གྲུ་བསྡད་དེ་ཕ་ཡུལ་དུ་ལོག་པ་དང་། ཕ་ཡུལ་དུ་སྤུན་མཆེད་ཚོས་མཇལ་དར་འཁྱེར་ནས་སྒུག་བསྡད་ཡོད།