དབུ་ཤོག>བོད་ལུགས་གསོ་རིག
  • བོད་རིགས་སློབ་མ་ཁག་གཅིག་ལ་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        ཟླ་8ཚེས་26ཉིན་བོད་རང་སྐྱོང་ལྗོངས་གསོ་རིག་སློབ་གླིང་དང་སི་ཁྲོན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱིས་ཐུན་མོང་ཐོག་གསོ་སྐྱོང་བྱས་པའི་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པའི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་སློབ་ཐོན་སློབ་མར་སློབ་གནས་སྤྲོད་པའི་མཛད་སྒོ་དེ་ལྷ་སར་འཚོགས་པ་དང་། སློབ་མ་3ལ་འབུམ་རམས་པའི་སློབ་གནས་སྤྲད་པ་དང་སློབ་མ་5ལ་རབ་འབྱམས་པའི་སློབ་གནས་སྤྲད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སུ་སྔ་རྗེས་སུ་རྒྱུན་འཛིན་པ་48བདེ་བླག་ངང་ཐོན་པ་དང་རང་སྐྱོང་ལྗོངས་གསོ་རིག་སློབ་གླིང་གིས་ཀྱང་སྔ་རྗེས་སུ་འབུམ་རམས་པ་8དང་རབ་འབྱམས་པ་112གསོ་སྐྱོང་བྱས་ཡོད།

        བོད་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཕ་ཡུལ་ཡིན་ལ་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འབྱུང་གནས་ཤིག་ཀྱང་ཡིན། གསོ་སྐྱོང་བྱས་པའི་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་ཚོ་རིམ་ཁག་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ལག་རྩལ་རྐང་འཛིན་པ་དང་རིག་ཚན་སྣེ་ཁྲིད་པར་གྱུར་ཡོད་ཅིང་། འདི་ནི་ཉིན་དེར་སློབ་དཔོན་ལེའང་ཧྥན་རུང་གིས་རབ་འབྱམས་པའི་སློབ་གནས་ཐོབ་པའི་སློབ་མ་པད་དབྱངས་ཀྱི་ཞྭ་མོའི་ཆབ་ཆོབ་སྲོང་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།