དབུ་ཤོག>བོད་ལུགས་གསོ་རིག
  • བོད་རིགས་སློབ་མ་ཁག་གཅིག་ལ་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

        སྤྱི་ཚེས་26ཉིན། སློབ་གནས་ཐོབ་པའི་སློབ་མས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་བཀྲིས་རྟེན་འབྲེལ་ཞུ་བཞིན་པ།

        སྤྱི་ཚེས་26ཉིན། དགུང་ལོ་86ལ་ཕེབས་པའི་བོད་ལུགས་གསོ་རིག་མཁས་པ་དཔལ་ལྡན་བསྟན་འཛིན་དང་སློབ་མ་བདེ་སྐྱིད་དཔལ་སྒྲོན།

        སྤྱི་ཚེས་26ཉིན། ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་སློབ་གནས་ཐོབ་པའི་སློབ་མས་མཉམ་དུ་པར་རྒྱག་བཞིན་པ།

        ཤིན་ཧྭ་དྲ་བའི་འཕྲིན་ལམ་ནས། སྤྱི་ཚེས་26ཉིན། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་སི་ཁྲོན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱིས་མཉམ་དུ་གསོ་སྐྱོང་བྱས་པའི་བོད་ལུགས་གསོ་རིག་གི་རྒྱུད་འཛིན་ནད་ཐོག་གསོ་རིག་ཆེད་ལས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་སློབ་ཐོན་སློབ་མར་སློབ་གནས་སྤྲོད་པའི་མཛད་སྒོ་ལྷ་སར་གཉེར་ཡོད། སློབ་མ་3ལ་འབུམ་རམས་པའི་སློབ་གནས་ཐོབ་པ་དང་སློབ་མ་5ལ་རབ་འབྱམས་པའི་སློབ་གནས་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སུ་སྔ་རྗེས་སུ་རྒྱུན་འཛིན་པ་48སློབ་གཉེར་མཐར་ཕྱིན་པ་དང་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་ཀྱང་སྔ་རྗེས་སུ་འབུམ་རམས་པ་8དང་རབ་འབྱམས་པ་118གསོ་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།