དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱིས་སྟོངས་ཉེར་ཡོད་པའི་བོད་སྨན་གྱི་སྨན་རྒྱུ་མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱ་རྒྱུའི་ལག་རྩལ་ཞིབ་འཇུག་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-07

        གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ཀྱི་སྟོངས་ཉེར་ཡོད་པའི་བོད་སྨན་གྱི་སྨན་རྒྱུ་མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱ་རྒྱུའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》རྣམ་གྲངས་དེ་2005ལོར་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་གཏན་འཁེལ་བྱས་རྗེས་ཀྱི་ལོ་དྲུག་རིང་སྔ་རྗེས་སུ་ཆེད་དོན་འགྲོ་གྲོན་སྒོར་ཁྲི་880བཏང་ཞིང་། མིག་སྔར་རྣམ་གྲངས་དེའི་འཕེལ་རིམ་བདེ་བླག་བྱུང་ནས་སྨན་རྒྱུ་ཁག་གཅིག་མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ལ་ངོ་བོའི་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་ཁྱབ་སྤེལ་གྱི་རིན་ཐང་ལྡན་པའི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་སྨན་རྒྱུ་སྣ་ཁ་35ཚུད་པ་དེའི་ནང་སྟོངས་ཉེར་ཡོད་པའི་སྨན་རྒྱུ་སྣ་ཁ་25ཡོད། ཞིབ་འཇུག་ནང་ཞུགས་མཁན་ནི་བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་སོགས་ཚན་རིག་ཞིབ་འཇུག་ཁང་དང་སུའོ་དང་དེ་བཞིན་ཁེ་ལས་དང་བྱ་གཞག་ཚན་པ་10ལྷག་ཙམ་ཡོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མི་རྒྱུ་དངུལ་སྒྲིག་འཛུགས་བྱས་ནས་སྟོངས་ཉེར་ཡོད་པའི་བོད་སྨན་གྱི་སྨན་རྒྱུ་མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་དཔེ་སྟོན་རྟེན་གཞི་མུའུ་200ལྷག་ཙམ་བསྐྲུན་རྒྱུ་དང་། སྟོངས་ཉེར་ཡོད་པའི་བོད་སྨན་གྱི་སྨན་རྒྱུ་མིའི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་པའི་ལག་རྩལ་གྱི་ལག་དེབ་གཅིག་དཔེ་སྐྲུན་བྱ་རྒྱུ། ལྷད་མེད་འཐུང་བཅའ་1ནས་2བར་གསར་སྤེལ་བྱ་རྒྱུ། ཚན་རྩལ་གྲུབ་འབྲས་1ནས་2བར་གཞན་སྒྱུར་བྱ་རྒྱུ། སྟོངས་ཉེར་ཡོད་པའི་བོད་སྨན་གྱི་སྨན་རྒྱུའི་གྲངས་འཛིན་ཆ་འཕྲིན་སྟེགས་བུ་བསྐྲུན་རྒྱུ། གསར་སྤེལ་ཁེ་བེད་བདག་ཐོབ་5ནས་8བར་རེ་ཞུ་བྱེད་རྒྱུའམ་ཡང་ན་དབང་ཆ་སྤྲོད་རྒྱུ། ཞིབ་འཇུག་སློབ་མ་8ནས་10བར་དང་ལག་རྩལ་རྐང་འཛིན་པ་10ནས་15བར་གསོ་སྐྱོང་བྱ་རྒྱུ། སྨན་རྒྱུ་འདེབས་འཛུགས་ཀྱི་ཚན་རྩལ་མི་སྣ་80ནས་100བཅས་གསོ་སྦྱོང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།