དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་ཞིང་འབྲོག་པའི་རིན་མེད་སྨན་བཅོས་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མུ་མཐུད་ནས་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  མིག་དམར།   |     སྤེལ་དུས།  2015-05-07

        གསར་འགོད་པས་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱི་ཞིང་འབྲོག་པའི་སྨན་བཅོས་ལམ་ལུགས་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པ་དང་ཞིང་འབྲོག་པའི་རིན་མེད་སྨན་བཅོས་ཁ་གསབ་རོགས་དངུལ་མུ་མཐུད་མཐོ་རུ་ཕྱིན་པས་གཞི་རྩའི་སྨན་བཅོས་འགན་ལེན་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་གཞུང་གིས་ཞིང་འབྲོག་པར་སྨན་བཅོས་བྱེད་པའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཁག་སོ་སོར་2009ལོའི་མི་རེར་ཆ་སྙོམས་སྒོར་140སྤྲོད་པ་དེ་2010ལོར་སྒོར་180བར་མཐོ་རུ་བཏང་བ་དང་། 2011ལོར་མི་རེར་ཆ་སྙོམས་སྒོར་260ཟིན་ཡོད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་རྩིས་ཞུའི་གསབ་དངུལ་སྤྲོད་པའི་ཚད་གཞི་མཐོ་ཤོས་དེ་ཞིང་འབྲོག་པའི་ལོ་རེར་མི་རེར་ཆ་སྙོམས་ཁེ་གཙང་ཡོང་འབབ་ཀྱི་ལྡབ་6ཡན་མཐོ་རུ་བཏང་བ་དང་མ་ཟད་སྒོར་ཁྲི་5ལས་མི་དམའ་བས་ཞིང་འབྲོག་པའི་སྨན་བཅོས་འགྲོ་གྲོན་གྱི་བརྒྱ་ཆ་82.3རྩིས་ཞུ་ཁ་གསབ་ཐུབ་ཀྱི་ཡོད།

        གཞན་ཡང་། བོད་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དུས་ཐོག་ཏུ་རྩིས་ཞུ་མཇུག་འགྲིལ་བའི་ཐབས་ལམ་འཛུགས་རྒྱུ་འཚོལ་སྙེག་ཧུར་ཐག་བྱས་པས་ཞིང་འབྲོག་མང་ཚོགས་ཀྱིས་ནད་བལྟ་བ་དང་སྨན་བཅོས་བྱེད་པ། སྨན་རིན་རྩིས་ཞུ་ཁ་གསབ་བྱེད་པར་སྟབས་བདེ་བསྐྲུན་ཡོད། གཞིས་རྩེ་ས་ཁུལ་གྱི་རྫོང་11ཀྱིས་ས་ཁུལ་ཐད་གཏོགས་སྨན་བཅོས་བདེ་སྲུང་ཚན་པ་དང་དུས་ཐོག་ཏུ་སྨན་རིན་རྩིས་ཞུ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་ཡོད།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་ཚུན་དུ། བོད་ལ་བོད་ལུགས་དང་ཀྲུང་ལུགས། ཕྱི་ལུགས་བཅས་ཀྱི་གསོ་རིག་ཟུང་དུ་འབྲེལ་བའི་འཕྲོད་བསྟེན་དྲ་གནས་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་མང་པོ་གྲུབ་ཡོད། དེང་གི་ཆར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ལ་འཕྲོད་བསྟེན་ཟོའོ་བཙུགས་ཡོད་པ་དང་། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་35ནས་ལོ་67བར་མཐོ་རུ་ཕྱིན་ཡོད།

        ཞིང་འབྲོག་པའི་སྨན་བཅོས་འགན་ལེན་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་ཆེད་དང་ནད་གཞི་ལྕི་བའི་ཉེན་ཁ་སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་2011ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེར་འགན་སྲུང་མ་དངུལ་སྒོར་10བཏང་ནས་ཁྱོན་མ་དངུལ་སྒོར་ཁྲི་2300བཏང་སྟེ་ཞིང་འབྲོག་པའི་ནད་གཞི་ལྕི་བའི་ཁ་གསབ་སྨན་བཅོས་ཚོང་ལས་འགན་བཅོལ་འཛུགས་རྒྱུ་གཏན་འཁེལ་བྱས་པ་རེད།

        ཞིང་འབྲོག་པའི་ནད་གཞི་ལྕི་བའི་ཁ་གསབ་སྨན་བཅོས་ཚོང་ལས་འགན་བཅོལ་ལས་དོན་དེ་2011ལོའི་ཟླ་7ཚེས་1ཉིན་ནས་བོད་ཀྱི་ལྗོངས་ཡོངས་ལ་སྤེལ་བ་དང་ཚོད་ལྟ་བྱེད་པའི་དུས་ཡུན་ལོ་གཅིག་རེད། ནད་གཞི་ལྕི་བའི་ཁ་གསབ་སྨན་བཅོས་ཚོང་ལས་འགན་བཅོལ་ལག་བསྟར་བྱས་པས་མུ་མཐུད་ཞིང་འབྲོག་པ “ནད་ཀྱིས་སླར་ཡང་དབུལ་པོར་གྱུར་བ་དང་ནད་ཕོག་ནས་དབུལ་པོ་ཆགས་པ ”སྔོན་འགོག་བྱས་ཡོད།

        སྡེ་ཁུལ་དུ་སྨན་བཅོས་ཞབས་ཞུ་བྱས་པ།  

        ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སྡེ་ཚན་གྱིས་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་རྫོང་དང་ཆུས་ཁག་ཏུ་བསྐྱོད་ནས་རིན་མེད་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་མང་ཚོགས་ལ་བདེ་ཐང་གི་བློ་འདྲི་བྱས་པ་མ་ཟད། སྨན་བཅོས་བྱས་པ་དང་སྨན་བསྐྱལ་བས་མི་སེར་གྱི་སྨན་བཅོས་བྱེད་དཀའ་བའི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཤིང་། འདི་ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རིགས་གཅིག་མཁས་པ་སྐལ་བཟང་ཚེ་རིང་གིས་གྲྭ་བཞི་ཁྲོམ་གཞུང་གི་དོན་གཅོད་ཁྲུའུ་ཡི་གྲོང་མིར་རིན་མེད་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།