དབུ་ཤོག>བོད་ལུགས་གསོ་རིག
  • རང་རྒྱལ་གྱིས་བོད་སྨན་གྱི་ཚད་གཞིའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གསར་འགོད་པར་2011ལོའི་རྒྱལ་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བོད་སྨན་གྱི་ཚད་གཞི་འཛུགས་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་བོད་སྨན་གྱི་རྒྱུ་ཆ་དང་བོད་སྨན་སྡེབ་སྦྱོར་ཚད་གཞི་མགྱོགས་མྱུར་བཟོ་རྒྱུ་དང་བཟོ་བཅོས་རྒྱག་རྒྱུ་ཡིན་པ་ཤེས་རྟོགས་བྱུང་།

        བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་པད་མ་བཟང་པོས་ངོ་སྤྲོད་བྱས་པར་གཞིགས་ན། བོད་སྨན་གྱི་སྤུས་ཚད་ཚད་གཞི་མཐུན་སྦྱོར་ལས་དོན་ཨུ་ལྷན་བཙུགས་ཟིན་པ་དང་ད་བར་རང་སྐྱོང་ལྗོངས་སུ་སྨན་སྣ་ཁ་153ལ་རྒྱལ་ཁབ་305ཡི་སྨན་རྫས་ཞིབ་མཆན་ཡིག་ཨང་ཐོབ་ནས་བོད་སྨན་སྣ་ཁ་100ཡི་ཚད་གཞིའི་མ་ཟིན་བཟོས་ཟིན་པ་རེད།

        རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཁྲའོ་མིན་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་སྨན་གྱི་ཚད་གཞིའི་མ་ལག་འཛུགས་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་སྨན་གྱི་ཚད་གཞིའི་མ་ལག་འཛུགས་པའི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་འཛུགས་པ་དང་མ་དངུལ་གཏོང་བའི་ཐད་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་བོད་སྨན་གྱི་རྒྱུ་ཆ་དང་བོད་སྨན་སྡེབ་སྦྱོར་ཚད་གཞི་མགྱོགས་མྱུར་བཟོ་རྒྱུ་དང་བཟོ་བཅོས་རྒྱག་རྒྱུ་དང་འབྲེལ་བོད་རང་སྐྱོང་ལྗོངས་བོད་སྨན་ཞིབ་འགོད་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་བོད་སྨན་ཞིབ་འགོད་དང་། ཚད་གཞི་བཟོ་བ། ཚོད་ལྟ་ཚད་ལེན། བདེན་དཔང་ཞིབ་བཤེར་བཅས་བྱེད་མཁན་བྱང་ཚད་མཐོ་བའི་ཤེས་ལྡན་དཔུང་ཁག་ཅིག་སྐྱེད་སྲིང་བྱས་ནས་བོད་སྨན་སྲུང་སྐྱོང་དང་གསར་སྤེལ་ལས་དོན་ནང་ཧུར་ཐག་ཞུགས་ཏེ་བོད་སྨན་འཕེལ་རྒྱས་ཡོང་བར་ཆེད་ལས་ཐོག་ནས་མཛུབ་ཁྲིད་དང་ལག་རྩལ་ཐོག་ནས་རྒྱབ་སྐྱོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གསོ་རིག་དང་བོད་སྨན་ལ་རང་ཆས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཡོད་པ་དང་ཁྱད་ཆོས་མངོན་གསལ་ལྡན་པས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་དང་ཁྱད་པར་ཡོད། དཔེར་ན་བོད་སྨན་གྱིས་སྨན་སྣ་མང་སྦྱོར་ཐུན་ཚད་དུ་བྱེད་པ་མ་ཟད། སྨན་འདུལ་བ་དེས་ཀྱང་སྨན་ནུས་ཐོན་རྒྱུ་དང་གནོད་པ་མེད་པ་ཡོང་རྒྱུར་ནུས་པ་གལ་ཆེན་ཐོན་ལ་བོད་སྨན་ནང་གཏེར་རྫས་དང་སྲོག་ཆགས་སྨན་རྒྱུ་སྤྱད་པའང་མང་པོ་མཐོང་རྒྱུ་ཡོད།

    བོད་ལྗོངས་གསོ་རིག་སློབ་གླིང་བོད་སྨན་བཟོ་གྲྭས་བཟོས་པའི་བོད་སྨན་བདུད་རྩི་གསུམ་སྦྱོར།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།