དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱིས་ལོ་རེར་སྒོར་ཁྲི་1000བཀོད་སྒྲིག་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ཨའེ་ཅུན་ཐའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཐད་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་དེའི་ནང་ལོ་རེར་མུ་མཐུད་སྒོར་ཁྲི་1000བཀོད་སྒྲིག་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་ཚུད་ཡོད་ཅེས་བཤད་པ་རེད།

        ཨའེ་ཅུན་ཐའོ་ཡིས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རིམ་རྩིས་བྱས་ན་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་7.5བཏང་ནས་གཞི་རིམ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་དང་། ཞིང་འབྲོག་ཁུལ་དུ་བོད་ལུགས་གསོ་རིག་དང་བོད་སྨན་ལ་འཚམས་པའི་ལག་རྩལ་ཁྱབ་གདལ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྐང་འཛིན་པའི་ཞབས་ཞུའི་ནུས་པ་གསོ་སྦྱོང་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་འཛུགས་སྐྱོང་སོགས་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཡོད། 2009ལོར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྨན་རྩིས་ཁང་རེར་སྒོར་ཁྲི་300སྤྲོད་པའི་ཚད་གཞི་གཞིར་བཟུང་སྒོར་ཁྲི་2100བཀོད་སྒྲིག་བྱས་ཏེ་ས་ཁུལ (གྲོང་ཁྱེར )ཁག་གི་སྨན་རྩིས་ཁང་ལ་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། 2010ལོར་བོད་ལ་སྙན་གྲགས་ཀུན་ཁྱབ་ཀྱི་ཚོང་རྟགས་ཐོབ་པའི “བདུད་རྩི ”རྟགས་ཅན་གྱི་བོད་སྨན་ལ་བརྡ་ཁྱབ་ཚོང་གཉེར་གྱི་ཁ་གསབ་མ་དངུལ་སྒོར་ཁྲི་500བཀོད་སྒྲིག་བྱས་ནས་སྤུས་རྟགས་བོད་སྨན་བོད་ནས་ཕྱིར་སྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད་པ་རེད།

        ཨའེ་ཅུན་ཐའོ་ཡིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ཞབས་ཞུ་སྤེལ་བ་དང་གཞུང་བཙུགས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་དང་། རྨང་གཞིའི་ཞིབ་འཇུག རིག་གཞུང་ཚན་ཁག་གཙོ་གནད། ཆེད་སྦྱོང་ཚན་ཁག་གཙོ་གནད་བཅས་ཀྱི་འཛུགས་སྐྲུན་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        ངོ་སྤྲོད་བྱས་པར་གཞིཌ་ན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱིས་ད་དུང་བོད་ལུཌ་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁྲལ་བསྡུའི་གཟིཌ་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་ཞིང་། སྲོལ་རྒྱུན་བོད་སྨན་གྱི་བཟོ་དབྱིབས་ལེཌ་བཅོས་དང་། སྨན་སྦྱོར་གསར་བཅོས། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བཅས་བྱེད་པ་དང་སྨན་གསར་པ་ཞིབ་འཇུག་དང་། གསར་སྤེལ། ཐོན་སྐྱེད་བཅས་བྱེད་པ་དང་འབྲེལ 《སྨན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར 》ཐོབ་པའི་ཁེ་ལས་ལ་རྣམ་གྲངས་དེར་ཐོན་སྐྱེད་དང་གཉེར་སྐྱོང་གི་ཡོང་འབབ་ཁག་དང་པོ་ཐོབ་པའི་ཁོངས་གཏོཌ་ཁྲལ་འཇལ་ལོ་འཁོར་ནས་བཟུང་ལོ་6རིང་ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།