བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ཚེ་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་དེ་གཞི་ནས་རྒྱ་སྟོབས་ཆེ་རུ་གཏོང་ཐུབ།
བློ་འབྱེད།
ད་ལོའི་ཟླ་11པར་རང་ལྗོངས་ཀྱིས 《བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》བཏོན་པ་དེ་ནི་1986ལོ་དང་1996ལོའི་བོད་ལུགས་གསོ་རིག་དང་བོད་སྨན་ཚོགས་འདུ་གཉིས་རྗེས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ཚན་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐབས་མཆོག་གཞན་ཞིག་ཀྱང་རེད།
《བསམ་འཆར 》ནང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་དང་། གཞུང་བཙུགས་བོད་ལུགས་གསོ་རིག་གི་བོད་སྨན་སྨན་བཅོས་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད། རྨང་གཞིའི་ཞིབ་འཇུག རིག་གཞུང་ཚན་ཁག་གཙོ་བོ། ཆེད་ལས་ཚན་ཁག་གཙོ་བོ་བཅས་འཛུགས་སྐྲུན་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཅན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ལངས་ཕྱོགས་གསལ་སྟོན་བྱེད་དགོས་པ་དང་སྲིད་གཞུང་གིས་ཀྱང་མ་དངུལ་གྱི་གཟིགས་སྐྱོང་དང་ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་རོགས་སྐྱོར་བྱ་རྒྱུའི་ཆོད་སེམས་མཚོན་པ་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
ཤེས་ལྡན་པའི་ཡིད་འགུགས་ཐབས་བྱེད་དགོས་པ།བོད་ལུགས་གསོ་རིག་གོང་འཕེལ་གཏོང་བའི་མདུན་ལམ་ཡག་པོ་ཡོད་པས་ཤེས་ལྡན་པ་དགོས་མཁོ་ཤིན་ཏུ་ཆེ་བ།
【སྲིད་ཇུས 】 བོད་ལུགས་གསོ་རིག་གི་མཐོ་སློབ་སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིམ་མཐོའི་ཤེས་ལྡན་པ་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་གསོ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དེ “བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན ”དུ་རིམ་གྱིས་འགྱུར་བ་བྱེད་པ་དང་སྦྲགས་ཚན་ཞིབ་བྱ་ཤུགས་ཆེ་རུ་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་བར་ཚོད་འཛིན་བཟོ་བའི་ལག་རྩལ་ཐད་ཀྱི་འཇུར་མིག་མེད་པ་བཟོས་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་འབྲས་བུ་དེ་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱེད་དགོས།
རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ་ཤི་ལོག་ལ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུར་ལྟ་སྟངས་དེ་འདྲ་ཞིག་ཡོད་པ་སྟེ། “བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ལས་འགོ་ཡག་པོ་བརྩམས་ཡོད་རུང་། ཚན་ཞིབ་དང་གསར་སྤེལ་བྱ་ཤུགས་མི་འདང་བ་དང་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་ཚོད་འཛིན་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཤེས་ལྡན་པ་ཁ་ཐང་བ ”དེ་རེད།
ལོ་2300ལྷག་ཙམ་གྱི་འཕེལ་རྒྱས་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་དེས་ཁྱད་དུ་འཕགས་པའི་སྨན་བཅོས་བྱ་ཐབས་ལ་བརྟེན་ནས་གཅོང་ནད་དང་། རྒྱུན་འབྱུང་ནད་རིགས། བཅོས་དཀའ་བའི་ནད་སོགས་ལ་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པ་དང་ལྷག་དོན་དུ་ས་མཐོའི་རྒྱུན་མཐོང་གི་ཁོག་ནད་ཚན་ཁག་གི་ནད་གཞི་དང་འཇུ་ལམ་ནད་རིགས་སོགས་ལ་ཕན་པ་མངོན་གསལ་དོད་པོ་ཐོན་གྱི་ཡོད་པར་བརྟེན་བོད་ལུགས་གསོ་རིག་དང་བོད་སྨན་དེ་རང་རྒྱལ་དུ་ཆ་ཚང་ཤོས་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་མི་རིགས་ཀྱི་གསོ་བ་རིག་པའི་གྲས་ཤིག་ཏུ་གྱུར་བ་རེད།
ཡིན་ནའང་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་དེ་རྒྱུན་འཛིན་བྱེད་པ་དང་འཕེལ་རྒྱས་གཏོང་སྐབས་ཤེས་ལྡན་པ་ཁ་ཐང་བའི་གནད་དོན་ཐོན་ཡོད་པས་བོད་སྨན་གསར་པ་ཞིབ་བཟོ་བྱེད་པར་ཤེས་ལྡན་པའི་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད།
《བསམ་འཆར 》ནང “བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དེ ‘བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན ’དུ་སྒྱུར་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས ”ཞེས་བཏོན་ཡོད་པ་དེས་ཤེས་ལྡན་པ་ཁ་ཐང་བའི་གནད་དོན་ཐད་ཐབས་དང་ཇུས་བཏོན་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས “སློབ་གླིང་གིས་ཕྱོགས་གཅིག་ནས་འབུམ་རམས་པའི་སློབ་ཁྲིད་བྱ་ཡུལ་བརྩོན་ལེན་བྱེད་བཞིན་ཡོད་པ་དང་ཕྱོགས་གཞན་ཞིག་ནས་གསོ་སྐྱོང་གི་གཞི་རྒྱ་ཆེ་རུ་བཏང་སྟེ ‘ལོ་ལྔ་ཚན་བཅུ་གཉིས་པའི ’རིང་སློབ་གྲྭར་སློབ་སྦྱོང་བྱེད་མུས་ཀྱི་ཞིབ་འཇུག་སློབ་མ་100གསོ་སྦྱོང་བྱ་རྒྱུའི་དམིགས་ཚད་བསྒྲུབ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད ”ཅེས་ཡིད་ཆེད་ཀྱིས་ཁེངས་བཞིན་དུ་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 1999ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་རབ་འབྱམས་པའི་སློབ་ཁྲིད་བྱ་ཡུལ་བཙུགས་པ་ནས་བཟུང་ད་བར་ཞིབ་འཇུག་སློབ་མ་93གསོ་སྦྱོང་བྱས་པ་དེ་དག་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཁྲོད་ཀྱི་ཞིབ་འཇུག་རྐང་འཛིན་པར་འགྱུར་ཡོད་པས་སླད་ཕྱིན་གསོ་སྦྱོང་བྱ་རྒྱུའི་ཞིབ་འཇུག་སློབ་མ་100བརྩིས་ན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་བཟོ་དང་གསར་སྤེལ་གྱི་དཀའ་གནད་སེལ་ཐུབ་ངེས་ཡིན་པ་རེད།
རོགས་སྐྱོར་བྱེད་ས་ཡང་དག་འཛིན་པ།
མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ལུཌ་མཐུན་ངང་གསར་སྤེལ་བྱེད་པ།
【སྲིད་ཇུས 】 ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྤུས་རྟགས་གཏོད་ཐོག་བོད་སྨན་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱུ་ནོར་དེ་འབྲེལ་ཐག་ཏུ་བྱས་ཏེ་ས་ཁུལ་དང་། ལས་རིགས། དབང་བའི་ལམ་ལུགས་བཅས་ཀྱི་དབྱེ་མཚམས་མེད་པ་བཟོས་ནས་བོད་སྨན་ཐོན་ལས་རྒྱ་ཆེར་དང་། སྟོབས་ཆེར། ལེགས་སུ་བཅས་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་དངུལ་དེ་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཕྱོགས་ནས་བོད་སྨན་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ལུཌ་གསོ་རིག་དང་བོད་སྨན་གྱི་ཐོན་ལས་ཅན་གྱི་འཁོར་རྒྱུག་གིས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐད་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྲགས་ལེགས་གསར་ཆེ་བཅས་ཡོང་བའི་གོམ་སྟབས་མགྱོགས་སུ་བཏང་ཡོད། འོན་ཀྱང་ཁྲོམ་རའི་ཐོག་ཞུགས་པ་དང་སྦྲགས་དཔལ་འབྱོར་སྒྲོག་ཐག་འོག་གི་ཁེ་ཕན་ལ་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕེལ་རྒྱས་ཐད་ཚོད་བགམ་གསར་པ་འཕྲད་ཀྱི་ཡོད།
སྲིད་གཞུང་གིས་བོད་ལུཌ་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཐད་མ་འཇོག་བྱེད་ཤུཌ་ཆེ་རུ་གཏོང་བ་དང་དུས་མཚུངས་རོཌ་སྐྱོར་བྱེད་ས་ཡང་དག་ངང་ཁོང་དུ་ཆུད་དགོས། དེ་ལྟར་བྱས་ཚེ་ཐོན་ཁུངས་ལེཌ་ཆ་དེ་དཔལ་འབྱོར་ལེཌ་ཆར་གཞན་སྒྱུར་བྱེད་ཐུབ།
བོད་སྨན་ལས་རིཌ་དེ་རང་ལྗོངས་ཀྱི་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུཌ་ཧ་ཅང་ཆེན་པོ་ལྡན་པའི་དཔལ་འབྱོར་ཐོན་ཁུངས་ཤིག་ཡིན་པ་དང་ཐུན་མོང་མ་ཡིན་པའི་ས་མཐོའི་སྨན་རྒྱུ་ཐོན་ཁུངས་ཀྱིས་རང་ལྗོངས་ཀྱི་བོད་སྨན་ཐོན་ལས་དེ་ལྗོངས་ཕྱི་ནང་དུ་འཕེལ་རྒྱས་གཏོང་བའི་ཐད་ཁྲོམ་རའི་བར་ཁོངས་ཧ་ཅང་ཆེན་པོ་ཞིག་སྤྲད་ཡོད། བོད་སྨན་ཐོན་ལས་འཕེལ་རྒྱས་སོང་བ་དང་བོད་སྨན་དཔལ་འབྱོར་སྟོབས་ཆེར་སོང་ཚེ་དང་ཐོག་ཕན་པ་ཐོབ་མཁན་ནི་ཞིང་འབྲོག་མང་ཚོཌ་ཡིན་ཞིང་། བོད་སྨན་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པ་དང་སྦྲཌ་བོད་སྨན་སྨན་རྒྱུའི་མཁོ་ཚད་ཆེས་ཆེར་མང་དུ་འགྲོ་ངེས་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་ཆ་རྐྱེན་ཡོད་པའི་ས་ཆར་བོད་སྨན་སྨན་རྒྱུ་འདེབས་འཛུཌ་(གསོ་སྤེལ )རྟེན་གཞི་བསྐྲུན་ཏེ་བོད་སྨན་སྨན་རྒྱུ་འདེབས་འཛུཌ་དང་ལས་སྣོན་ཁེ་ལས་དང་དེ་བཞིན་བོད་སྨན་སྨན་རྒྱུ་འདེབས་འཛུཌ་ཆེད་ལས་གྲོང་ཚོ་དང་ཆེད་ལས་དུད་ཚང་ཁག་གཅིག་ལ་རོཌ་སྐྱོར་དང་འཕེལ་རྒྱས་བཏང་ནས “ཀུང་སི་དང་། གནས་གཞི། ཞིང་དུད ”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཚེ་ཞིང་འབྲོག་མང་ཚོཌ་ཀྱི་དངུལ་སྨར་ཡོང་འབབ་ཆེན་པོ་འཕར་ངེས་རེད།
གཞན་ཡང་ཐོན་ལས་ཅན་གྱི་བརྒྱུད་རིམ་ཁྲོད་བོད་སྨན་ཁེ་ལས་ཀྱིས་ཀྱང་ཟླ་སྒྲིལ་དང་། བསྐྱར་སྒྲིག མཉམ་འབྲེལ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེང་སྐབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་པར་བརྟེན་ནས་བོད་སྨན་ཐོན་རྫས་དེ་ལྗོངས་ཕྱི་ནང་དང་ཐ་ན་རྒྱལ་སྤྱིའི་ཁྲོམ་རའི་ཐོག་གི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་རྒྱུ་རེད། མི་མངོན་པའི་སྟོབས་ཤུགས་ཡོད་པའི་སྲོལ་རྒྱུན་བོད་སྨན་གྱི་གྲགས་ཅན་སྤུས་རྟགས་གཏོད་ཚེ་ཁེ་ལས་ཀྱི་ཁེ་ཕན་ཆེས་ཆེར་འཕར་རྒྱུ་དང་གཞི་ཁྱོན་ཆེ་བའི་ཐོན་སྐྱེད་ཀྱིས་ཀྱང་རང་ལྗོངས་ཀྱི་ཞིང་པ་ལས་མི་དང་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་གྲྭའི་སློབ་ཐོན་སློབ་མར་ལས་ཞུགས་གོ་སྐབས་འབོར་ཆེན་ཞིག་བསྐྲུན་ངེས་རེད།
འདི་འདྲ་བྱུང་ཚེ་བོད་ལུཌ་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་ལེཌ་ཆ་དེ་དཔལ་འབྱོར་ལེཌ་ཆ་ཆེ་ཤོས་སུ་འགྱུར་བ་དང་གཞི་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་སུ་འགྱུར་ཐུབ།
རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་པ།
ཚན་རྩལ་ལ་བརྟེན་ནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ།
【སྲིད་ཇུས 】 བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས (གསོ་སྤེལ )ཐོན་ལས་གསོ་སྐྱོང་བྱས་ནས་མིས་འདེབས་གསོ་དང་། འདེབས་འཛུགས (གསོ་སྤེལ )ལག་རྩལ་ལ་ཞིབ་འཇུག གསར་སྤེལ་དང་ཁྱབ་གདལ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་ཉམས་གསོ་དང་བསྐྱར་སྐྱེ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གནའ་གཞུང་གི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་མུ་མཐུད་བྱས་ཏེ་བོད་སྨན་གྱི་དམིགས་བསལ་བཟོ་རྩལ་དང་ཚབ་བྱེད་དངོས་པོར་ཞིབ་འཇུག་དང་དེ་བཞིན་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཚད་ལྡན་ཅན་ཡོང་བར་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
བོད་སྨན་གྱི་སྨན་རྒྱུ་སྐྱེ་འཚར་འགོར་བ་དང་དུས་འཁོར་རིང་ཙམ་ཡིན་ལ་གཞི་ཁྱོན་ཆེ་བའི་ཐོན་སྐྱེད་བྱེད་པ་དེར་མ་བཅོས་རྒྱུ་ཆའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་རེད། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཁར “ཁེ་ཕན་གྱི་གནོད་འཚེ ”ལས་གཡོལ་བར་མི་མང་པོ་ཞིག་གིས་བོད་སྨན་གྱི་སྨན་རྒྱུ་མིས་འདེབས་གསོ་བྱེད་པའི་ཐོག་རེ་བ་བཅོལ་ནས་ཚན་རིག་ལག་རྩལ་ལ་བརྟེན་ཏེ་མིས་འདེབས་གསོ་བྱས་པའི་བོད་སྨན་གྱི་སྨན་རྒྱུ་གསོ་སྤེལ་བྱ་རྒྱུར་འདེགས་སྐྱོར་བྱས་ན་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་མཐུད་འཕེལ་རྒྱས་ཁྲོད་ཀྱི་ཐོན་ཁུངས་མི་འདང་བའི་འགལ་ཟླ་སེལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེར་བརྟེན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་སྨན་གྱི་སྨན་རྒྱུ་མིས་འདེབས་གསོ་བྱེད་པར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་མིག་སྔར་དོག་སྡེའི་ཕུ་དང་ལྷོ་ཁའི་གོང་དཀར་རྫོང་དུ་དྲོད་ཁང་གི་སྐྱེད་སྲིང་རྟེན་གཞི་གཉིས་གསར་འཛུགས་བྱས་ཡོད་པ་དང་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་ཀྱང་འདེབས་གསོའི་ལག་རྩལ་གྱི་ཞིབ་འཇུག་ལས་ཀ་བྱེད་བཞིན་ཡོད་པ་རེད།
འོན་ཀྱང་སྨན་སྦྱོར་པ་ཞིག་ཡིན་པའི་དབང་ཕྱུག་གི་ངོས་ནས་བརྗོད་ན་སེམས་ཁྲལ་ཆེན་པོ་ཡོད་པ་སྟེ། མིས་འདེབས་གསོ་དང་བོད་སྨན་གྱི་སྨན་རྒྱུ་འདེབས་གསོ་བྱ་རྒྱུ་དེ་མིག་སྔར་རང་ལྗོངས་སུ་ད་དུང་ཚོད་ལྟའི་དུས་མཚམས་སུ་གནས་ཡོད་པ་མ་ཟད། སྨན་རྒྱུ་ས་བབ་དང་། དྲོད་ཚད། སྨུག་ཕྱིའི་འོད་ཟེར་སོགས་ཐད་ཀྱི་དམིགས་བསལ་དགོས་མཁོ་དང་བསྟུན་དགོས་པས་སྨན་རྒྱུ་མང་དག་ཅིག་མིས་འདེབས་གསོ་གཏན་ནས་བྱེད་ཐུབ་ཀྱི་མེད་ཅིང་། འདེབས་གསོ་བྱེད་ཐུབ་ཀྱང་མིས་འདེབས་གསོ་བྱས་པའི་སྨན་རྒྱུའི་ཕན་ནུས་དེ་རི་སྐྱེས་ཁོར་ཡུག་འོག་སྐྱེས་འཚར་བྱུང་བའི་སྨན་རྒྱུའི་ནུས་པ་དང་གཅིག་མཚུངས་ཡིན་མིན་ཤེས་ཀྱི་མེད་པས་དེ་དག་ཚང་མ་གནད་འགག་ཡིན་པ་རེད།
ཚན་རྩལ་གྱི་སྟོབས་ཤུགས་ལ་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་སྔར་བཞིན་སུབ་ཐབས་མེད་པའི་བྱས་རྗེས་ལྡན་པ་སྨོས་མེད་ཡིན་པ་དང “བོད་སྨན་སྦྱོར་རྟ་བྱེད་སྟངས་སྣ་ཁ 900ལྷག་ཙམ་ཡོད་པ་དང་མིག་སྔར་ཐོན་སྐྱེད་དང་སྤྱོད་བཞིན་པ་སྣ་ཁ་400ལས་མེད་པ་དང་གལ་སྲིད་དེ་བྱིངས་ཀྱི་སྣ་ཁ་500ཡི་སྦྱོར་རྟ་ལེགས་གྲུབ་བྱུང་ན་ཐོན་རྫས་གསར་པས་བོད་སྨན་སྨན་རྒྱུ་གསར་པ་ཁག་གཅིག་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་མིག་སྔར་དགོས་གལ་ཆེ་ལ་སྟོངས་ཉེར་ཡོད་པའི་སྨན་རྒྱུར་བརྟེན་མི་དགོས་པར་སོར་ཆུད་སྐྱེ་འཕེལ་དང་རེས་འཁོར་བེད་སྤྱོད་བྱེད་ཐུབ ”ཡིན་ནའང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོའན་ཀྲང་ཉི་མ་ཚེ་རིང་གིས “བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྦྱོར་རྟའི་འབྱུང་ཁུངས་ནི་གནའ་གཞུང་ནང་འཁོད་པ་དང་བོད་ལུགས་སྨན་པ་རྒན་གྲས་ཀྱི་ཉམས་མྱོང་གསོག་འཇོག་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་དགོས་ཚེ་བོད་ལུགས་གསོ་རིག་གི་གནའ་གཞུང་དཔེ་ཆ་དང་། དམངས་ཁྲོད་གསང་བའི་སྦྱོར་རྟ་བྱེད་ཐབས། རིགས་གཅིག་མཁས་ཅན་གྱི་གསང་བའི་སྦྱོར་རྟ་བྱེད་ཐབས་བཅས་བསྡུ་རུབ་བྱེད་པ་དང་བོད་ལུགས་སྨན་པ་རྒན་རབས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་དགོས་གལ་ཆེན་པོ་ཡོད ”ཅེས་གསར་འགོད་པར་ཤོད་ཀྱི་འདུག
གནའ་གཞུང་ཚད་ལྡན་ཡིག་ཆ་དང་གསང་བའི་སྦྱོར་རྟ་བྱེད་སྟངས་ཐད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་མདུན་གྲལ་དུ་སླེབས་ཡོད་ཅིང་། བསྡོམས་རྩིས་ལྟར་ན། བོད་ལུགས་གསོ་རིག་གི་གནའ་གཞུང་ཚད་ལྡན་ཡིག་ཆ་4000ལྷག་ཙམ་ཡོད་པ་དེ་དག་མི་སྒེར་དང་། ཚན་པ། དམངས་ཁྲོད་བཅས་སུ་ཁྱབ་ཡོད། འདི་ལོའི་ཟླ་6པ་ནས་བཟུང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་ཚོགས་ཆུང་གཉིས་སྒྲིག་འཛུགས་བྱས་ནས་ས་ཁུལ (གྲོང་ཁྱེར )ཁག་ཏུ་བཏང་སྟེ་ཉོ་བ་དང་། དཔར་བཤུས་རྒྱག་པ། གློག་རྡུལ་གྱིས་འདྲ་བཤུ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་མིག་སྔར་ལག་བྲིས་དཔེ་རྒྱུན་དཀོན་རིགས་224བསྡུ་རུབ་བྱས་པ་དང་འབྲེལ་ལོ་2ནས་3ནང་ཚུན་དུ་རྒྱལ་ཡོངས་དང་འཛམ་གླིང་ཐོག་ཡིག་ཆ་ཆ་ཚང་ཤོས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ལྟེ་གནས་འབའ་ཤིག་ཏུ་འགྱུར་བ་བྱ་རྒྱུ་རེད།
གླེང་མོལ་ཐུང་ངུ་།
གངས་ལྗོངས་ས་མཐོའི “དམིགས་བསལ་མེ་ཏོག ”དེ་སྔར་བས་མཚར་སྡུག་ལྡན་པ་ཞིག་ཏུ་བཞད་པར་བྱེད་པ།
ཀྲུང་གོ་གསར་པ་དབུ་བཪྙེས་པ་དང་བོད་ཞི་བའི་བཅིངས་འགྲོལ་གྱི་སྐྱ་འོད་གངས་ལྗོངས་ས་མཐོར་འཕྲོས་པ་དང་ཆབས་ཅིག་བོད་ལུགས་གསོ་རིག་དང་བོད་སྨན་ཞེས་པའི་ལོ་ངོ་སྟོང་གི་ཁྱག་ཁྱོག་ལམ་བུ་བརྒྱུད་པའི་སྲོལ་རྒྱུན་གསོ་རིག་དེར་ཡང་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། ཐོན་ལས་སོགས་ཐད་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་ཞིང་། འཛམ་གླིང་གསོ་རིག་ཁྱབ་ཁོངས་སུ་གཙོ་གནད་དུ་ཞིབ་འཇུག་དང་བེད་སྤྱོད་བྱེད་པའི་སྲོལ་རྒྱུན་གྱི་ཚབ་བྱེད་གསོ་རིག་ཤིག་ཡིན་པའི་བོད་ལུགས་གསོ་རིག་དེའི་དམིགས་བསལ་གྱི་སྨན་བཅོས་ནུས་པ་དང་གཏིང་ཟབ་པའི་གསོ་རིག་དང་སྨན་རྫས་རིག་པའི་རིགས་པའི་གཞུང་ལུགས་ལ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་པའི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ཡོད། དམིགས་བསལ་གྱི་ས་མཐོའི་སྨན་རྫས་ཐོན་ཁུངས་དང་རྒྱུན་སྲོལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དེས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཁྲོམ་ར་ཧ་ཅང་ཆེན་པོ་ཞིག་བཏོད་པ་ལས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་དེ་རང་ལྗོངས་ཀྱི་དཔལ་འབྱོར་གྱི་འཕར་གཞི་གསར་པ་དང་སྲོག་ཤིང་ཐོན་ལས་ཤིག་ཏུ་གྱུར་ཡོད།
མིག་སྔར་རང་ལྗོངས་སུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་བསྐྲུན་ཡོད་པ་དང་། བོད་ལུགས་གསོ་རིག་གི་གསོ་རིག་ལོ་རྒྱུས་དང་། ཚད་ལྡན་ཡིག་ཆ། རིགས་པའི་གཞུང་ལུགས། ནད་ཐོག་སྨན་བཅོས། བོད་ལུགས་སྔོ་སྨན། སྨན་རྩྭ་འདེབས་འཛུགས། སྨན་གསར་གསར་སྤེལ་སོགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཐོག་གི་གཅིག་པུ་ཁོ་ན་ལས་མེད་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་གཞུང་རླབས་པོ་ཆེ་མང་དག་ཅིག་སྔོག་འདོན་བྱས་ནས་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ། མཆིན་ནད་དང་། ཕོ་རྒྱུའི་ནད། གཅིན་པ་མངར་འགྱུར་གྱི་ནད། རུས་ཆག་སོགས་སྨན་བཅོས་བྱེད་པའི་ཐད་ཚད་བརྒལ་གསར་པ་བྱུང་ཡོད། རྒྱལ་ཡོངས་སུ་གཅིག་མ་གཏོགས་མེད་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གླིང་སྟེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་སུ་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་པ་སྣ་ཚོགས་ 2877 གསོ་སྐྱོང་བྱས་ཏེ་བཏང་ནས་གནའ་བོའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་སྟོབས་ཆེར་དང་རྒྱུན་འཛིན་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བཏོན་ཡོད། 《བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་རོགས་སྐྱོར་བྱ་རྒྱུ་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》ནང་དུའང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ་གསར་གཏོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་གཞིའི་མ་ལག་སོགས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་འབྲེལ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་ཁག་ལ་སྲིད་ཇུས་དང་མ་དངུལ་ཐོག་ནས་གཟིགས་སྐྱོང་བྱ་རྒྱུའང་ཡིན་པ་རེད།
སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་། སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་པ། མ་དངུལ་ཐོག་ནས་གཟིགས་སྐྱོང་བྱེད་པ་ལ་སོགས་པའི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཡོད་པའི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་སྐྱེ་སྟོབས་བསྣན་ཡོད་པ་དང་ཁྲི་གདུགས་ཉི་མའི་འོད་ཟེར་འོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྡོང་པོ་དེར་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་བཞད་བཞིན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣