དབུ་ཤོག>བོད་ལུགས་གསོ་རིག
  • རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་11ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གཏོད་པའི་གཞུང་དོན་ཁང་གིས་པེ་ཅིང་དཀྱིལ་ལམ་དུ “གྲོང་ཁྱེར་ཅན་དང་བདེ་ཐང ”དང་“གྲོང་ཁྱེར་སྟོང་དང་མི་སྟོང་གི་གཏམ་རྒྱུད ”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་སྦྲགས་ལྷ་སའི་གྲོང་མིར “ཐཱན་དམའི་འཚོ་བ ”སྐྱེལ་དགོས་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

        དྲིལ་བསྒྲགས་བྱེད་སྒོ་སྤེལ་སའི་ས་ཆ་དངོས་སུ་འཕྲོད་བསྟེན་ལྡན་པའི་གྲོང་ཁྱེར་གཏོད་པའི་གཞུང་དོན་ཁང་གི་ལས་དོན་མི་སྣས་དྲིལ་བསྒྲགས་སྒྲོམ་སྟེགས་བཟོ་བ་དང་། བསྒྲགས་ཡིག་སྤྲོད་པ། ཤེས་བྱའི་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མི་རྣམས་ལ་ཁོར་ཡུག་འཕྲོད་བསྟེན་གྱི་ཤེས་བྱ་འགྲེལ་བཤད་ཧུར་ཐག་བྱས་པ་དེའི་བརྗོད་བྱ་གཙོ་བོ་ཆེ་ས་ནས་བཤད་ན 《ཁོར་ཡུག་སྲུང་སྐྱོང་རང་དགར་སྒྲུབ་ཐུབ་པའི་བྱ་བ་ཆུང་ཙག་100》ཞེས་པ་དང་ཆུང་ས་ནས་བཤད་ན 《མི་སྒེར་གྱི་ཁ་སྦུག་འཕྲོད་བསྟེན་བདེ་ཐང་གི་ལམ་སྟོན 》བར་ཡོད་པ་དང་ད་དུང་ནུས་རྒྱུ་གྲོན་ཆུང་དང་གོམས་གཤིས་ངན་པ་བཅོས་རྒྱུར་དམིགས་བཀར་ངང་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།