དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་ལུགས་གསོ་རིག་གི་སྨན་བཅོས་དང་སྨན་སྦྱོར་ཆེད་ལས་ལག་རྩལ་མི་སྣ་ 2400 ལྷག་ཙམ་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉིན་ཤས་གོང་ལྷ་སར་འཚོགས་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་བཙུགས་ནས་ལོ་20 འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོའན་ཀྲང་ཉི་མ་ཚེ་རིང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་བཙུགས་ནས་ལོ་20 རིང་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་སྦྱོར་ལས་རིགས་ལ་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་སྦྱོར་གྱི་ཆེད་ལས་ལག་རྩལ་མི་སྣ་2400 ལྷག་ཙམ་གསོ་སྐྱོང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

        1989 ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དངོས་སུ་བཙུགས་པ་དེའི་ཐོག་ནས་བོད་ལུགས་གསོ་རིག་གི་སྨན་བཅོས་དང་སྨན་སྦྱོར་སློབ་གསོ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ནས་རང་རྒྱལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་སྦྱོར་གྱི་མཐོ་རིམ་སློབ་གསོའི་སྟོང་ཆ་སྐོང་ཡོད་པ་མཚོན་ཡོད། སློབ་གླིང་དེས་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་སྦྱོར་ལས་རིགས་ལ་གསོ་སྐྱོང་བྱས་པའི་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་སྦྱོར་གྱི་ཆེད་ལས་ལག་རྩལ་མི་སྣ་2400 ལྷག་ཙམ་ཡོད་པའི་ཁྲོད་བོད་ལུགས་གསོ་རིག་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ 78 དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ 2 ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།