དབུ་ཤོག>བོད་ལུགས་གསོ་རིག
  • མི་རྩ་བར་འཛིན་པའི་ཐུགས་ཁུར་དང་དོན་དངོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་རང་ལྗོངས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཚུན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ནད་གཞི་ལྟ་དཀའ་བའི་ཁུར་པོ་ཡང་དུ་ཆེས་ཆེར་སོང་བ་དང་སྨན་བཅོས་གྲོན་དངུལ་ཕལ་ཆེ་བ་དུས་ཐོག་ཏུ་རྩིས་ཞུ་བྱེད་ཐུབ་པ་བྱུང་ཡོད། བོད་ཀྱི་ཞིང་འབྲོག་པ་ཡོངས་ཀྱིས་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་ལས་བྱུང་བའི་གཟིགས་སྐྱོང་ལོངས་སྤྱོད་ཐུབ་སྟེ་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་རྫོང་དང་ཤང་དུ་ཁྱབ་ཚད་100%ལོན་ཡོད།

        བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཞིང་འབྲོག་ཁུལ་གྱི་སྨན་རིན་མི་དགོས་པའི་སྨན་བཅོས་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཁྲོད་ཀྱི་གཞི་རྩའི་རྩ་དོན་ཞིག་ཡིན་པའི་ཐོག་ནས་ལག་བསྟར་དོན་འཁྱོལ་བྱུང་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་རྒྱུ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་ལུས་སེམས་བདེ་ཐང་སྲུང་སྐྱོང་དང་དེར་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད།

        བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཅིག་ཀྱང་མེད་པས་འགོ་ནད་རྟག་ཏུ་ཐོན་ནས་རྒྱ་ཆེའི་ཞིང་བྲན་ཚོར་ནད་གཞི་ཕོག་སྐབས་སྨན་བཅོས་བྱེད་ཐབས་མེད་པར་བརྟེན་སྨན་རིན་མི་དགོས་པའི་སྨན་བཅོས་དང་མཉམ་ལས་སྨན་བཅོས་ཞེས་པ་ནི་དེ་བས་གླེང་ཐབས་བྲལ་བ་ཞིག་ཡིན། ད་ཆ་རང་ལྗོངས་སུ་སྲིད་གཞུང་གིས་གཙོ་ཁྲིད་དུ་བྱེད་པ་དང་སྲིད་གཞུང་དང་མཉམ་སྡེབ་དང་མི་སྒེར་བཅས་ཕྱོགས་མང་པོས་མ་དངུལ་གྲབས་གསོག་བྱེད་པ་དང་ཁྱིམ་ཚང་གི་རྩིས་ཐོ་དང་ནད་ལྕིའི་སྨན་ཡོན་སྤྱི་གསོག་གིས་གཙོ་བོར་བྱེད་པའི་ཞིང་འབྲོག་པའི་མཉམ་ལས་སྨན་བཅོས་ཀྱི་ལམ་ལུགས་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཞིང་འབྲོག་པས་ལོ་ལྟར་སྒོར་10ལས་མི་ཉུང་བའི་མི་སྒེར་གྱི་གྲབས་དངུལ་བསྐྱལ་ཚེ་རིམ་ཁག་སྨན་བཅོས་སྒྲིག་གཞིར་སྨན་ཁང་དུ་སྡོད་པའི་སྨན་གྲོན་60%ཡན་རྩིས་ཞུ་བྱེད་ཆོག་གི་ཡོད། མིག་སྔར་བོད་ཀྱི་ཞིང་འབྲོག་པ་ཁྲི་237གྱིས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།