དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་ལས་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        དུས་ཡུན་རིང་པོའི་ནང་ཀྲུང་དབྱང་གིས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་འཛུགས་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་གིས་བོད་ཀྱི་ཞིང་འབྲོག་པར་དམིགས་བསལ་གྱི་སྨན་རིན་མི་དགོས་པའི་སྨན་བཅོས་ལམ་ལུགས་ལག་བསྟར་གནང་བ་དང་། 2003 ལོར་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་གཞིར་བཟུང་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང 《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ཐད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས 》ཡོངས་བསྒྲགས་བྱས་པས་ཞིང་འབྲོག་མང་ཚོགས་ཚོར་སྨན་རིན་མི་དགོས་པའི་སྨན་བཅོས་འགན་ལེན་སྔར་ལས་ལྷག་པ་བྱུང་ཡོད།

        ཚད་མཐོའི་མཐོང་ཆེན་གྱིས་གཏོང་ཆ་མང་དུ་བཏང་བ།

        2008 ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཆེད་དོན་ཁ་གསབ་གྲོན་དངུལ་སྔར་བས་མཐོ་རུ་བཏང་བ་དང་མིག་སྔར་ཁ་གསབ་ཀྱི་དངུལ་ཚང་མ་དོན་འཁྱོལ་བྱུང་བའི་ཁར་གཤམ་སྤྲོད་བྱས་ཡོད།

        ཞིང་འབྲོག་པའི་སྨན་བཅོས་ཁ་གསབ་གྲོན་དངུལ་དེ་དེ་སྔའི་ལོར་ཆ་སྙོམས་མི་རེར་སྒོར་ 100 ནས་སྒོར་ 140 བར་མང་དུ་བཏང་བ་དེའི་ཁྲོད་ཀྲུང་དབྱང་གིས་སྒོར་ 125 ཁ་གསབ་སྤྲོད་ཀྱི་ཡོད། 2003 ལོ་ཚུན་ལག་བསྟར་བྱས་པའི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་དེ་མིག་སྔར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཡོད་ཚད་ལ་ཁྱབ་ཡོད།

        ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་ལག་བསྟར་བྱས་ཚུན་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོས་འཕྲོད་བསྟེན་ཁང (སུའོ )ལ་སྨན་བཅོས་བྱེད་པར་སྐྱོད་སྐབས་ཨང་ཐོ་འགོད་པའི་དངུལ་སྒོར་1 སྤྲོད་དགོས་པ་ཕུད་དེ་བྱིངས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཚང་མ་མི་སྒེར་གྱིས་རྩིས་ཁྲ་ནས་འཐེན་གྱི་ཡོད།

        ཞིང་འབྲོག་པ་ཁྲི་237ལ་ཕན་པ་ཐོབ་པ།

        “ལོ་ལྔ་ཚན་བཅུ་གཅིག་པ ”ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱིས་ཞིང་འབྲོག་པའི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་ཚད་གཞི་ཐེངས་བདུན་བསྟུད་མར་མཐོ་རུ་བཏང་བ་དང་“ལོ་ལྔ་ཚན་བཅུ་གཅིག་པའི ”དུས་འགོར་ལོ་རེར་མི་རེར་ཆ་སྙོམས་སྒོར་40ནས་སྒོར་100བར་མཐོ་རུ་བཏང་བའི་ནང་རྒྱལ་ཁབ་ནས་སྒོར་85དང་། རང་སྐྱོང་ལྗོངས་ནོར་སྲིད་ནས་སྒོར་10 ས་ཁུལ་ནས་སྒོར་3 རྫོང་ཁག་ནས་སྒོར་2བཅས་ཁ་གསབ་བརྒྱབ་ཡོད། 2008ལོར་རོགས་དངུལ་གྱི་ཚད་གཞི་དེ་སྒོར་140བར་མཐོ་རུ་བཏང་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་གཞི་རིམ་འཕྲོད་བསྟེན་དང་མ་བུ་འཕྲོད་སྦྱོར་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ད་རེས་རོགས་དངུལ་མང་དུ་བཏང་བའི་ལོར་མི་རེར་སྒོར་40སྤྲད་པ་དེ་ཀྲུང་དབྱང་ནོར་སྲིད་ནས་བཏང་བ་རེད་ཅེས་ངོ་སྤྲོད་བྱས་ཡོད།

        རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱས་པ་དང་སྲིད་གཞུང་དང་། མཉམ་སྡེབ། མི་སྒེར་བཅས་ཕྱོགས་ཚང་མས་མ་དངུལ་གྲབས་གསོག་བྱས་པ། ཁྱིམ་ཚང་གི་རྩིས་ཐོ་དང་ནད་གཞི་ལྕི་པོ་གཅིག་གྱུར་འཆར་འགོད་བྱ་རྒྱུ་གཙོ་བོ་བྱས་པ་བཅས་ཀྱི་ཞིང་འབྲོག་པའི་གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་ཤིག་ཡིན། ལོ་ལྟར་དངུལ་འབུལ་ཚད་སྒོར་10ཡན་ཟིན་པའི་ཞིང་འབྲོག་པར་རིམ་ཁག་སྨན་བཅོས་སྒྲིག་གཞི་ནས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་འགྲོ་གྲོན་རྩིས་ཞུ་བྱེད་ཚད་60%ཡན་ཟིན་ཡོད། མིག་སྔར་བོད་དུ་ཞིང་འབྲོག་པ་ཁྲི་237ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་དེ་ལས་ཕན་ཐོགས་བྱུང་ཡོད།

        ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་གི་ཡུལ་མི་སྐར་མ་ཚེ་རིང་གི་གཅུང་མོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་སྐབས་སྨན་རིན་སྒོར་8000ལྷག་ཙམ་སོང་བ་དང་སྨན་ཁང་ནས་དོན་རྗེས་སྨན་རིན་80%རྩིས་ཞུ་བྱས་ཡོད། ཀརྨ་ཚེ་རིང་གིས “སྨན་བཅོས་འགན་ལེན་ནང་ཞུགས་རྗེས་ལོ་རེར་སྒོར་10ཕུལ་ན་འགྲོ་སོང་མང་ཆེ་བ་རྩིས་ཞུ་བྱེད་ཐུབ་ཀྱི་འདུག་པས་ནད་ལྟ་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མེད ”ཅེས་དགའ་སྤྲོའི་ངང་བཤད།

        སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ།

        སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཚུན་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པ་སྨན་པ་བསྟན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས་སྨན་བཅོས་ཀྱི་འགྲོ་སོང་མང་ཆེ་བ་དུས་ཐོག་ཏུ་འགྲོ་སོང་རྩིས་ཞུ་བྱེད་ཐུབ་པ་བྱུང་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2007 ལོར་བོད་ཀྱི་ཞིང་འབྲོག་མང་ཚོཌ་ལ་སྨན་བཅོས་ཀྱི་འགྲོ་སོང་བསྡོམས་སྒོར་དུང་ཕྱུར་3 ཙམ་ཕྱིན་པའི་ནང་ཁྱོན་ཞིང་འབྲོག་པར་སྨན་བཅོས་འགྲོ་སོང་སྒོར་དུང་ཕྱུར་2.3 འགྲོ་སོང་རྩིས་ཞུའི་ཁ་གསབ་བྱས་ཡོད།

        བོད་ཀྱི་ཞིང་འབྲོག་པ་སྨན་པ་བསྟེན་མི་ཐུབ་པ་དང་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱ་ཆེད་རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་སྨན་རིན་མི་དགོས་པའི་སྨན་བཅོས་འགྲོ་སོང་ལོ་རེ་བཞིན་མཐོ་རུ་བཏང་བ་མ་ཟད་ད་དུང་རྫོང་དང་ཤང་འཕྲོད་བསྟེན་སྒྲིག་གཞི་འཛུགས་སྐྲུན་ཐད་མ་དངུལ་གཏོང་རྒྱུར་ཤུགས་སྣོན་ཡང་བརྒྱབ་ཡོད། 1992 ལོ་ནས་ 1998 ལོའི་བར་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བོད་དུ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི “རྣམ་གྲངས་གསུམ ”འཛུགས་སྐྲུན་བྱེད་པའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དང་1998 ལོ་ནས་2007 ལོ་བར་རང་སྐྱོང་ལྗོངས་དང་དེ་བཞིན་ས་ཁུལ་6 གི་ཁྲག་རྒྱུན་ལྟེ་གནས་དང་། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་65 ཤང (གྲོང་རྡལ )འཕྲོད་བསྟེན་ཁང་ 474 ས་ཁུལ་གྱི་སྨན་རྩིས་ཁང་3ས་ཁུལ་གྱི་མྱུར་སྐྱོབ་ལྟེ་གནས་6ས་ཁུལ (གྲོང་ཁྱེར )7 དང་རྫོང་73 གྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་གསར་རྒྱག་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་གཞི་རྩའི་སྨན་བཅོས་སྒྲིག་གཞི་བཀོད་སྒྲིག་བྱས་ཏེ་རྫོང་ 72 ལ་སྐོར་སྐྱོད་སྨན་བཅོས་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་རླངས་འཁོར་སྤྲད་ཡོད། 2008 ལོར་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་གྱི་གཞི་རྩའི་འཛུཌ་སྐྲུན་རྣམ་་གྲངས་190 སྤྲད་པ་དང་། རྫོང་སྨན་རྩིས་ཁང་20 དང་། རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ 2 རྫོང་གི་ནད་ཡམས་ཚོད་འཛིན་ལྟེ་གནས་5 ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ 93 བཅས་སྐྲུན་པ་དང་རྫོང་70 ཡི་སྨན་ཁང་ཁོངས་གཏོགས་ཀྱི་སྒྲིག་བཀོད་སྒྱུར་བཀོད་བྱས་པར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1.38 ཟིན་ཡོད་པ་རེད།

        དེ་དང་ཕྱོགས་མཚུངས་བོད་ཀྱི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་སྤུན་ཟླའི་ཞིང་ཆེན (གྲོང་ཁྱེར )གྱི་རོགས་རམ་ཆེན་པོ་ཐོབ་ཡོད། 1994 ལོ་ནས་ད་བར་རྒྱལ་ཡོངས་ཀྱི་ཞིང་ཆེན (གྲོང་ཁྱེར ) 17 དང་དེ་བཞིན་གཞུང་ཁོངས་ཁེ་ལས་ཆེ་ཁག་14 ཡིས་སྨན་དོན་མི་སྣ་ 1300 དང་འཕྲོད་བསྟེན་ལས་བྱེད་པ་64 བོད་དུ་མངགས་ཏེ་རིམ་ཁག་སྨན་བཅོས་ཚན་པར་སྒྲིག་ཆས་དང་། རྒུད་སྐྱོབ་ཀྱི་སྨན་རྫས། གཞུང་དོན་སྒྲུབ་པའི་སྒྲིག་བཀོད་སོགས་སྒོར་དུང་ཕྱུར་4 ཙམ་བཏང་བས་བོད་ཀྱི་འཕྲོད་བསྟེན་བྱ་གཞག་ཡར་རྒྱས་གོང་འཕེལ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།