དབུ་ཤོག>བོད་ལུགས་གསོ་རིག
  • ལྗོངས་ཡོངས་ཀྱི་བྱིས་པ་མཆུ་རལ་280ལྷག་ཙམ་ལ་སྨན་རིན་མི་དགོས་པར་གཤག་བཅོས་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོ “བསྐྱར་སྐྱེས་བྱ་སྤྱོད་——རྒྱལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་མཆུ་རལ་གཤག་བཅོས་བྱ་རྒྱུའི་འཆར་གཞིའི ”རྣམ་གྲངས་དེ་རང་ལྗོངས་སུ་སྤེལ་འགོ་ཚུགས་པ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་རྣམ་གྲངས་དེའི་བྱང་བུའི་ཡོལ་བ་ཕྱེ་གནང་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། “བསྐྱར་སྐྱེས་བྱ་སྤྱོད ”ནི་དམངས་སྲིད་པུའུ་ཡིས་ལི་ཅ་ཁྲེང་ཐེབས་རྩ་ཚོགས་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱས་པའི་སྤྱི་ཕན་གྱི་རྣམ་གྲངས་ཆེ་གྲས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ནང་གི་མཆུ་རལ་དང་དེ་བཞིན་འབྲེལ་ཡོད་ཡ་མ་གཟུགས་ཡིན་པའི་ལོ་ན་0ནས་18ཧྲིལ་པོར་སླེབས་པའི་ན་སོ་དར་ལ་མ་བབ་པ་ལ་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་དང་། གཤག་བཅོས་བྱ་རྒྱུ། བདེ་ཐང་སླར་གསོ་བྱ་རྒྱུ་བཅས་ཚང་མའི་འགྲོ་གྲོན་གཏོང་རོགས་བྱ་རྒྱུ་དེ་ཡིན་པ་རེད།

        བསྡོམས་རྩིས་ལྟར་ན། ལྗོངས་ཡོངས་ནས་ལོ་ན་0ནས་18ཧྲིལ་པོར་སླེབས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཆུ་རལ་280ལྷག་ཙམ་བདམས་ཏེ་རྒྱལ་ཡོངས་ནས་ལེགས་འདེམས་བྱས་པའི་རྣམ་གྲངས་གཉེར་མཁན་སྨན་བཅོས་ཚན་པ་32ཀྱི་གྲས་ཤིག་ཡིན་པའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་འཆར་གཞི་ཡོད་པའི་སྒོ་ནས་རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་མཆུ་རལ་སྨན་རིན་མི་དགོས་པར་གཤག་བཅོས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།