དབུ་ཤོག>བོད་ལུགས་གསོ་རིག
  • གནམ་ས་ཡངས་པའི་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        ཟླ་8ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་25ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་གི་ཐོག་སོ་གསུམ་པའི་མཛད་སྒོའི་ཚོམས་ཆེན་དུ་ཁྲོམ་སྒོ་ཕྱེ་བའི་ཅོང་སྒྲ་གྲགས་པ་བརྒྱུད་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་ནང་སའི་ཁེ་ལས་གཞན་གསུམ་ཆབས་ཅིག་ཏུ་ཁྲོམ་རར་བཏོན་པ་རེད། དུས་དེར་ལོ་མང་ཁུ་སིམ་དུ་གནས་པའི་བོད་ཀྱི་མ་རྩའི་ཁྲོམ་རས་སླར་ཡང་ཁོངས་མི་གསར་པ་ཞིག་བསུས་ཡོད་ལ་བོད་སྨན་ཐོན་ལས་དེ་ཉིད་དམིགས་ཚད་དེ་བས་མཐོ་བའི་ཕྱོགས་སུ་གོམ་སྟབས་སྤོས་པའི་དུང་བརྡ་གྲགས་ཡོད།

        རྒྱན་གྱིས་བརྒྱན་པའི་མཛད་སྒོའི་ཚོམས་ཆེན་ནང་ངོ་མཚར་ཆེ་བའི་བོད་ལྗོངས་ནས་དེ་གར་ཡོང་བའི་མི་རྣམས་ལ་དེར་ཡོད་མི་རྣམས་ཀྱི་མིག་མདའ་དུས་གཅིག་ཏུ་འཕེན་བཞིན་ཡོད། ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཅུན་ཕང་གིས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སའི་མ་རྐང་Aཡི་མ་རྐང་འཛིན་ཤོག་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དུ་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན་པ་དེས་ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་གི་མཆོག་ནོར་བརྒྱུད་འཛིན་བྱ་རྒྱུ་དང་དེང་དུས་འཛད་སྤྱོད་པར་སེམས་ཁམས་བདེ་ཐང་ཡོང་བའི་འགན་འཁྲི་ཁུར་བའི་ཆེས་བྲིན་བོད་སྨན་གྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད། བོད་དུ་ཆེས་བྲིན་བོད་སྨན་འཕེལ་རྒྱས་བྱུང་བ་དེར་བོད་ཀྱི་རིམ་ཁག་སྲིད་གཞུང་དང་དེ་བཞིན་རིམ་པ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད་ཅེས་བརྗོད་བྱུང་།

        ལེ་ཅུན་ཕང་གིས་སླད་ཕྱིན་ཆེས་བྲིན་བོད་སྨན་གྱིས་ཁྲོམ་རར་བཏོན་པ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་གཉེར་འཚོང་གི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ལག་རྩལ་གྱི་ཆུ་ཚད་དང་དོ་དམ་གྱི་ཆུ་ཚད་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་དང་ལྟེ་བའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་བ། ལྟེ་བའི་ལས་སྒོ་གསར་སྤེལ་དང་གསར་གཏོད་བྱ་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ཏེ་དེང་དུས་ཚན་རྩལ་སྤྱད་ནས་གནའ་བོའི་བོད་ལུགས་གསོ་རིག་གི་བློ་གྲོས་དེ་བས་ཡངས་པའི་ཕྱོགས་སུ་ཁྲིད་སྟོན་གྱིས་བོད་ལ་དྲིན་གསོ་རྒྱུ་ཡིན་ཞེས་བཤད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་ཚེ་དབང་གིས་2001ལོ་ཚུན་རང་ལྗོངས་ཀྱི་ཁྲོམ་བཏོན་ཀུང་སི་གསར་པ་ཞིག་ཡིན་པའི་ཆེས་བྲིན་བོད་སྨན་ཁྲོམ་རར་བཏོན་པ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་སྲིད་གཞུང་གིས་ཀ་རྟེན་གྱི་ཐོན་ལས་ཡིན་པའི་བོད་སྨན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་མངོན་ཡོད། སླད་ཕྱིན་ང་ཚོས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་འབྲེལ་ཁེ་ལས་དང་མ་རྩའི་ཁྲོམ་ར་མཐུད་འབྲེལ་བྱ་རྒྱུ་དོན་གཉེར་ཧུར་ཐག་བྱས་ནས་མ་རྩ་དང་དངུལ་རྩ་སོགས་རིམ་པ་མང་བ་དང་ཐབས་ལམ་མང་བའི་མ་རྩ་མཉམ་འདུས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཕུལ་བྱུང་གི་ཁེ་ལས་མང་པོ་ཞིག་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་འགྱུར་བ་བྱས་ནས་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་གསུང་གི་འདུག

        བཪྙན་ཤེལ་ཆེན་པོའི་ཐོག་ཆེས་བྲིན་བོད་སྨན་གྱི་རྐང་དངུལ་ཚོང་འགྲིག་པའི་རིན་གོང་རྒྱུན་ཆད་མེད་པར་འཕར་འགྲོ་བ་དང་ཚོང་འགྲིག་ཚད་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་མཐོང་སྐབས་བོད་ནས་ཡོང་བའི་སྐྱེ་བོ་ཀུན་དགའ་སྤྲོ་དཔག་མེད་དང་བཅས་བཪྙན་ཤེལ་གྱི་མདུན་དུ་དྲན་རྟེན་པར་ཡང་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།