ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། བོད་ཀྱི་བོད་སྨན་རིགས་གཅིག་མཁས་ཅན་ཨུ་ལྷན་དང་པོ་དེ་ཚེས་9ཉིན་བཙུགས་པ་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་28ཨུ་ཡོན་ཁག་དང་པོར་གདན་ཞུ་བྱས་་པ་རེད། བོད་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ཞིབ་འཇུག་བློ་འདྲི་ལས་ཁུངས་དང་པོས་རིགས་གཅིག་མཁས་ཅན་ཚོར “དུས་བབ་གསར་པའི་འོག་གི་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་ཞིབ་འཇུག ”བྱེད་པའི་ལས་འགན་ལྕི་པོ་སྤྲད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་བོད་སྨན་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན་ཁག་དང་པོ་28ནི་རྒྱལ་ཁབ་སྨན་གཞུང་ཨུ་ལྷན་དང་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཞིབ་དཔྱད་ལྟེ་གནས་སོགས་ཚན་པ་དང་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ནས་ཕེབས་པའི་བོད་ལུགས་གསོ་རིགས་དང་བོད་སྨན་རིགས་གཅིག་མཁས་ཅན་ཡིན་པ་རེད།