དབུ་ཤོག>བོད་ལུགས་གསོ་རིག
  • རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་གླེང་སྟེགས་ལྷ་སར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་7ཉིན་གྱི་སྔ་དྲོ་2009ལོའི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་གླེང་སྟེགས་ལྷ་སར་སྤེལ་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་ཚོ་ལྷན་འཛོམས་ཀྱིས་ཉམས་མྱོང་དང་གྲུབ་འབྲས་སྤེལ་རེས་གནང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་ལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ཐབས་དང་ཇུས་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་བོད་སྨན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་གླེང་སྟེགས་སྤེལ་བའི་དུས་ཡུན་ཉིན་གསུམ་ཡིན་པ་དང་དེའི་རིང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐོན་མང་བའི་ནད་གཞི་དང་རྩད་ཆོད་དཀའ་བའི་ནད་གཞིའི་ཐད་ཞིབ་དཔྱད་བྱས་ནས་ཐུན་མོང་གི་ངོས་འཛིན་ཐོབ་པ་བྱེད་པ་དང་འབྲེལ་ནད་རྟགས་སྨན་བཅོས་ཀྱི་ཚད་གཞིའང་བཟོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།