དབུ་ཤོག>བོད་ལུགས་གསོ་རིག
  • ཆེས་བྲིན་བོད་སྨན་ཧྲེན་ཀྲེན་རྐང་འཛིན་ཉོ་འཚོང་སུའོ་རུ་དངོས་སུ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན་གྱི་སྔ་དྲོར་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་ཧྲེན་ཀྲེན་རྐང་འཛིན་ཉོ་འཚོང་སུའོ་རུ་དངོས་སུ་ཞུགས་འགོ་ཚུགས་པ་དེ་ནི་2001ལོར་བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སི་ཁྲོམ་རར་ཞུགས་རྗེས་ཀྱི་རྒྱལ་ནང་གི་Aམ་རྐང་ཁྲོམ་རར་ཞུགས་པའི་རང་ལྗོངས་ཀྱི་ཁེ་ལས་གཞན་ཞིག་ཡིན་པ་རེད། ཆེས་བྲིན་བོད་སྨན་གྱིས་ད་རེས་མ་རྐང་ཁྲི་4100ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱས་ནས་ཁྱོན་བསྡོམས་ཁྲོམ་ར་ནས་མ་དངུལ་སྒོར་དུང་ཕྱུར་4.8གྲབས་བསྡུ་བྱས་ཡོད་པ་རེད། ཆེས་བྲིན་བོད་སྨན་ཁྲོམ་རར་ཞུགས་རྗེས་བོད་ཀྱི་མ་རྩའི་ཁྲོམ་རར་སྒུལ་ཤུགས་གསར་པ་བྱུང་བ་དང་ཆབས་ཅིག་ད་དུང་རང་ལྗོངས་ཀྱི་བོད་སྨན་ཐོན་ལས་དང་མ་རྩའི་ཁྲོམ་རའི་དབར་ཟམ་པ་གསར་པ་ཞིག་གི་ནུས་པ་ཐོན་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་ལས་ཀྱི་ཐོན་རྫས་ཞིབ་འཇུག་དང་། གསར་སྤེལ། ཐོན་སྐྱེད་བཅས་བྱེད་ནུས་དང་། བཟོ་རྩལ་ཆུ་ཚད། ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་བཅས་ཆེ་རུ་བཏང་སྟེ་ལས་སྒོའི་ཡོང་འབབ་དང་ཁེ་སྤོགས་མགྱོགས་མྱུར་ངང་འཕར་བ་བྱེད་ཆེད་ད་རེས་ཆེས་བྲིན་བོད་སྨན་གྱིས་གྲབས་བསྡུ་བྱས་པའི་མ་དངུལ་རྣམས་བོད་སྨན་ཐོན་སྐྱེད་བསྐྱར་སྐྲུན་རྒྱས་སྐྲུན་དང་། བོད་སྨན་ལས་གྲྭའི་ལག་རྩལ་ལྟེ་གནས་འཛུགས་སྐྲུན། ཚོང་གཉེར་དྲ་བའི་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་གསུམ་ལ་སྤྱོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།