དབུ་ཤོག>བོད་ལུགས་གསོ་རིག
  • ཁ་གཏད་རོཌ་སྐྱོར་བྱས་པས་རང་ལྗོངས་ཀྱི་བོད་ལུཌ་གསོ་རིག་སློབ་གསོར་འཕུར་མཆོང་གི་གཤོག་ཟུང་བསྒར་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ཕན་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་སློབ་གསོའི་བོད་སྐྱོར་འཐབ་ཇུས་ཀྱི་བྱེད་ཐབས་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་ཧ་ཅང་ཆེན་པོ་བསྣན་ཡོད།

        2002ལོའི་ཟླ་10པར་སློབ་གསོ་པུས་རྒྱལ་ཡོངས་ཀྱི་སློབ་གསོའི་བོད་སྐྱོར་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དང་། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན། ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན། ཐེན་ཅིན་སློབ་ཆེན། ཀྲུང་གོ་སྨན་རྫས་སློབ་ཆེན་བཅས་མཐོ་རིམ་སློབ་གྲྭ་6དང་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། 2007ལོའི་ཟླ་1པོར་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དང་ཅང་ཤིས་ཀྲུང་ལུགས་གསོ་རིག་སློབ་གླིང་གིས “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་སླར་ཡང་གཏན་འཁེལ་བྱས་ཡོད།

        སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་ཚུན་ཁ་གཏད་རོགས་སྐྱོར་བྱེད་མཁན་ཚན་པས་ཕྱོགས་མང་པོའི་ཐད་ནས་ནུས་ཤུགས་ཆེན་པོ་བཏོན་ཏེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཤིང་། དེའི་ནང་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་བོད་སྨན་གྱི་དངོས་དཔེའི་ལྟེ་གནས་དང་བརྒྱུད་ལམ་སྣེ་མང་ཅན་གྱི་སློབ་ཁང་སྐྲུན་རོགས་བྱས་པ་དང་སློབ་ཁྲིད་དང་གཞུང་དོན་གྱི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་སོགས་དང་། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་བརྒྱུད་ལམ་སྣེ་མང་ཅན་གྱི་ཏེན་ཙི་ལྟ་ཀློག་ཁང་དང་། བརྒྱུད་ལམ་སྣེ་མང་ཅན་གྱི་ཐོན་ཁུངས། ཡི་གེ་ཆ་ཚང་བཀོད་པའི་གྲངས་གཞིའི་མཛོད། ཡི་གེ་ཆ་ཚང་བཀོད་པའི་ཏེན་ཙི་དཔེ་དེབ། དེང་རབས་གསོ་རིག་གི་ནད་ཐོག་ལད་མོའི་དངོས་སྦྱོང་ཁང་བཅས་སྐྲུན་རོགས་བྱས་པ། ཁྲེང་ཏུའུ་གསོ་རིག་སྨན་རྫས་སློབ་ཆེན་གྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་བོད་ལུགས་གསོ་རིག་གི་གནམ་རིག་སྐར་རྩིས་རྟེན་རྫས་བཤམས་མཛོད་ཁང་དང་བོད་སྨན་གྱི་སྲོལ་རྒྱུན་བཟོ་རྩལ་དངོས་སྦྱོང་ཁང་སྐྲུན་རོགས་བྱས་པ། ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་བོད་སྨན་བཟོ་གྲྭའི་ཁྲི་10རིམ་པའི་སྤུས་ཀའི་ཞིབ་བཤེར་ཚོད་འཛིན་གཙང་དག་ལྟེ་གནས་གཙང་དག་སྒྲིག་སྦྱོར་རྣམ་གྲངས་དང་བརྒྱུད་ལམ་སྣེ་མང་ཅན་གྱི་སློབ་ཁང་3སྐྲུན་རོགས་བྱས་པ། ཐེན་ཅིན་སློབ་ཆེན་གྱིས་དེང་རབས་གསོ་རིག་ནད་དཔྱད་དངོས་སྦྱོང་ཁང་སྐྲུན་རོགས་བྱས་པ། མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་སློབ་ཁྲིད་ཀྱི་ཕྱོགས་གཉིས་རིག་སྟོབས་གློག་ལམ་ཁ་ཟུམ་ཚོད་འཛིན་མ་ལག་སྐྲུན་རོགས་བྱས་པ་སོགས་རེད། རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་རེ་རེ་བཞིན་བསྐྲུན་པ་དང་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། ཚན་རིག་ཞིབ་འཇུག་གི་རྣམ་གྲངས་རེ་རེ་བཞིན་བསྐྲུན་པ་དང་བེད་སྤྱོད་གཏོང་འགོ་ཚུགས་པས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་ལུགས་གསོ་རིག་བྱ་གཞག་གི་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

        ད་ཕན་ལོ་ཤས་རིང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་མཐོ་རིམ་སློབ་ཆེན་གྱིས་བཏང་བའི་ཆེད་ལས་ལག་རྩལ་མི་སྣ་མི་ཐེངས་32འབྱོར་ཡོད། བོད་སྐྱོར་ཆེད་ལས་ལག་རྩལ་མི་སྣར་དེ་བས་ལེགས་པའི་སྒོ་ནས་ལས་དོན་བསྒྲུབ་རྒྱུར་རོགས་རམ་བྱེད་ཆེད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་སྐྱོར་ལས་བྱེད་པ་དང་དགེ་རྒན་གྱི་ཐོབ་ཐང་ལེགས་སུ་ཧུར་ཐག་བཏང་ཁར་ལས་དོན་ཁྲོད་དུ་བོད་སྐྱོར་ཆེད་ལས་ཤེས་ལྡན་མི་སྣ་སོ་སོའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱ་རྒྱུར་དོ་སྣང་བྱས་པས་ཁོང་ཚོས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་འཕེལ་རྒྱས་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་པ་བྱུང་ཡོད།

        ཁ་གཏད་རོགས་སྐྱོར་བྱས་པས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གཉེར་གྱི་འདུ་ཤེས་དང་དོ་དམ་བྱེད་སྟངས་གསར་བརྗེས་དང་ལེགས་བཅོས་བྱུང་བ་དང་སློབ་ཁྲིད་ཀྱི་ཆུ་ཚད་དང་སློབ་གསོའི་སྤུས་ཀ་ནུས་ལྡན་ངང་མཐོ་རུ་ཕྱིན་ནས་བོད་ལུགས་གསོ་རིག་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་འཕུར་མཆོང་གི་གཤོག་ཟུང་བསྒར་ནས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་རེ་རེ་བཞིན་འབུར་དུ་ཐོན་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།