དབུ་ཤོག>བོད་ལུགས་གསོ་རིག
  • གནའ་བོའི་བོད་ལུགས་གསོ་རིག་དང་བོད་སྨན་ལ“དེང་རབས་ཀྱི་གསོན་ཤུགས”རྒྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། གྲགས་ཅན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་དགྲ་འདུལ་གྱི་སྨན་བཅོས་ལག་རྩལ་དེ་ཁྱིམ་བརྒྱུད་ནས་སྦྱངས་པ་ཞིག་ཡིན་མོད། འོན་ཀྱང་ཁོང་གི་བོད་ལུགས་གསོ་རིག་ཐད་ཐོབ་པའི་གྲུབ་འབྲས་དེ་ཕ་མེས་ཚོས་འགྲན་ཐབས་མེད། ཁོང་གིས “བོད་ལུགས་གསོ་རིག་གི་མི་རབས་གསར་པས་སྔོན་རབས་པ་དཔྱད་གཞིར་འཛིན་པ་མ་ཟད་དེ་བས་ནི་དེང་རབས་ཚན་རྩལ་གྱི་རོགས་རམ་ཐོབ་ཡོད ”ཅེས་གསུངས་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་ནས་བོད་ལུགས་གསོ་རིག་དང་བོད་སྨན་སྒྲིག་གཞི་རིམ་བཞིན་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ཡོད། ལོ་ངོ་བཅུ་ཕྲག་རིང་སྲིད་གཞུང་གིས་སྔ་རྗེས་སུ་སྒོར་ཁྲི་1000བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་སྤྱད་པས་སྒྲིག་བཀོད་ཆ་ཚང་བ་མ་ཟད་དེ་མཚུངས་ཀྱི་ཚན་རིག་ཞིབ་འཇུག་གི་ཆེད་བསྐོས་ཤེས་ལྡན་པ་བཀོད་སྒྲིག་བྱས་ཡོད། 2008ལོར་ཚན་རྩལ་པུས 《བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》དེ་རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”ཚན་རྩལ་འདེགས་སྐྱོར་འཆར་གཞིའི་གཙོ་གནད་རྣམ་གྲངས་གྲས་སུ་བཅུག་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་ལས་ཀར་གཡུར་ཟའི་འབྲས་བུ་ཐོབ་ནས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་གསར་གཏོད་སྨན་རྫས་སྣ་ཁ་5ཞིབ་བཟོ་བྱས་པར་རྒྱལ་ཁབ་ཀྱི་སྨན་རྫས་གསར་པ་ཐོན་སྐྱེད་ཀྱི་མཆན་བཀོད་ཡིག་ཆ་ཐོབ་པ་དང་བོད་སྨན་དེ་རང་འགུལ་ཅན་གྱི་རྒྱུན་མཐུད་ལས་རིམ་གྱི་ཐོན་སྐྱེད་བྱ་རྒྱུ་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ཡོད།

        ད་ཆ་བོད་ཀྱི་བོད་སྨན་ཐོན་ལས་དེ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ནས་བོད་ཀྱི་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ཏུ་འགྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བོད་ལྗོངས་བོད་སྨན་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་བོད་སྨན་སྣ་ཁ་350ལྷག་ཙམ་ལོན་པ་དེའི་ནང་ཐོན་རྫས་རྩེ་གྲའི་རིགས་12ཡོད་པ་དེ “རྒྱལ་ཁབ་ཀྱི་རྩྭ་སྨན་སྲུང་སྐྱོང་རིགས ”སུ་འགྱུར་ནས་བོད་སྨན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6ལྷག་ཙམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།