དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་ལེན་ཁྱོན་ཡོངས་ནས་ཁྱབ་པ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འགན་ལེན་བྱེད་དགོས་རིགས་རྣམས་འགན་ལེན་གང་ཐུབ་བྱ་ཆེད་རང་ལྗོངས་ཀྱི་ངལ་རྩོལ་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་གྱིས་སླད་ཕྱིན་གཞི་རྩའི་སྨན་བཅོས་འགན་ལེན་གྱི་ཆུ་ཚད་རིམ་བཞིན་གོང་མཐོར་བཏང་ནས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ནད་ཆེན་དང་ནད་ལྕིའི་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ངལ་རྩོལ་དང་སྤྱི་ཚོགས་འགན་ལེན་སྡེ་ཚན་གྱིས་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་གྱི་སློབ་མ་ཚང་མ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་ལེན་ནང་ཞུགས་པའི་ལས་ཀར་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་འདི་ལོ་ཆ་སྙོམས་བྱས་ནས་80%ཡན་དང་། 2010ལོར་90%ཡན། 2011ལོར་95%ཡན་བཅས་སོ་སོར་འཕར་བ་བྱ་རྒྱུ་རེད། སྒོ་བརྒྱབ་པ་དང་མ་རྩ་སྟོངས་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ལས་ཞུགས་པ་དང་། བབ་བསྟུན་ལས་ཞུགས། ཞིང་པ་ལས་མི་བཅས་གཞན་དང་འདྲ་བར་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་པའི་བླང་བྱ་གསལ་པོ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།