དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱི་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་ལྟ་རིན་ཡོད་ས་མང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        འདི་ནི་ལྷུན་གྲུབ་རྫོང་བྱང་ཁ་ཤང་འཕྲོད་བསྟེན་ཁང་གི་སྨན་པས་མང་ཚོགས་ལ་ན་ཚ་ལྟ་བཞིན་ཡོད་པ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱི 《སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》དེ་ཟླ་6ཚེས་12ཉིན་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་10པ་དང་ཟླ་6ཚེས་15ཉིན་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་10པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ཡོད།

        ད་ལོ་རང་ལྗོངས་ཀྱིས་ལག་བསྟར་བྱེད་འགོ་བཙུགས་པའི་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ནང་སྨན་དང་སྨན་བཅོས་ཀྱི་རིན་གོང་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ། སྨན་བཅོས་ཞབས་ཞུ་མངོན་གསལ་དོད་ཚད་སོགས་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་རིམ་བཞིན་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད། “ནད་བསྟེན་ས་ཡོད་པ་དང་། ནད་བསྟེན་ཐུབ་པ། སྨན་བཅོས་ཡག་པོ་ཐུབ་པ ”བཅས་ཁས་ལེན་དངོས་འབྲེལ་དྲང་འབྲེལ་དེས་ཁྱེད་དང་། ང་། ཚང་མ་བཅས་ལ་དམངས་འཚོའི་འདུ་འགོད་དེ་ལས་བྱུང་བའི་ཕན་པ་དངོས་གང་ལེགས་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

        སྨན་དང་སྨན་བཅོས་ཀྱི་རིན་གོང་ཚད་ལྡན་ཡོང་བ་བྱེད་པ། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་སྲིད་ཇུས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་དང་སྨན་བཅོས་འགན་བཅོལ་ཐད་སྤྱོད་པའི་སྨན་ཐོ་མིན་པའི་སྨན (རྒྱལ་ཁབ་ཀྱི་གཞི་རྩའི་སྨན་ཚུད་མེད )དང་། ས་གནས་ཀྱིས་ཁ་གསབ་བྱེད་པའི་གཞི་རྩའི་སྨན། ཁེ་བཟང་རང་བཞིན་མིན་པའི་སྨན་བཅོས་སྒྲིག་གཞི་རང་ཉིད་ཀྱིས་བཟོས་པ་དང་ལས་སྣོན་བྱས་པའི་སྨན་རྫས་ཀྱི་རིན་གོང་བཅས་གཏན་འཁེལ་བཟོ་རྒྱུ་ཡིན་པ་རེད། སྲིད་གཞུང་གི་གོང་བཅད་ཁྱབ་ཁོངས་ནང་ཚུད་པའི་བོད་སྨན་ཡིན་ཕྱིན་སྨན་རྫས་བཟོ་གྲྭ་ནས་ཐོན་པའམ་ཡང་ན་སིལ་འཚོང་གི་རིན་གོང་མཐོ་ཤོས་གཏན་འཁེལ་བྱ་རྒྱུ་དང་དུས་མཚུངས་འཁོར་རྒྱུག་ལྷུ་ཚིགས་ཀྱི་རིན་ཁྱད་ཀྱི་ཚད་གཞི (དངུལ་གྲངས )དེ་ཚད་གཞི་མཐོ་ཤོས་ཀྱི་ཚོད་འཛིན་བྱ་རྒྱུ་ཡིན་པ་རེད། རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་རྫས་ལྟ་སྐུལ་དོ་དམ་དྲ་བ་དང་བོད་སྨན་ལས་གཉེར་སྨན་གཉེར་དཀའ་བཅུ་པ་སོགས་ལམ་ལུགས་རབ་དང་རིམ་པ་བཙུགས་ནས་སྨན་རྫས་ལྟ་སྐུལ་དོ་དམ་ལ་དངོས་འབྲེལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

        སྨན་དང་སྨན་བཅོས་འཕྲོད་བསྟེན་མི་སྣའི་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྨན་ཁང་དང་ནད་པའི་དབར་གྱི་མཐུན་སྦྱོར་ལྡན་པའི་འབྲེལ་བ་འཛུགས་དགོས། ལྗོངས་ཡོངས་ཀྱི་སྨན་དང་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་གྲངས་འབོར་མི་འདང་བ་དང་། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ལས་དོན་ཞན་པ། གྲོང་ཁྱེར་དང་སྡེ་ཁུལ་གྱི་འཕྲོད་བསྟེན་རྗེས་ལུས་ཡིན་པ་སོགས་གནད་དོན་རབ་དང་རིམ་པས་རང་ལྗོངས་ཀྱི་སྨན་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བཟོ་གི་ཡོད། ད་རེས་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ནང་རང་ལྗོངས་ཀྱིས་རང་ལྗོངས་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས་སྨན་དང་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་འཛུགས་སྐྱོང་ལ་དངོས་འབྲེལ་ཤུགས་སྣོན་རྒྱག་པ་དང་། སྨན་ཁང་དང་ནད་པའི་དབར་གྱི་མཐུན་སྦྱོར་ལྡན་པའི་འབྲེལ་བ་འཛུགས་པ། མི་དམངས་མང་ཚོགས་ཀྱི་སྨན་དང་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱ་རྒྱུ་ཡིན་པ་རེད།

        སྨན་དང་སྨན་བཅོས་འཕྲོད་བསྟེན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་རང་ལྗོངས་ཀྱིས་གཙོ་གནད་དུ་སྤྱི་པའི་འཕྲོད་བསྟེན་དང་། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན། གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་སོགས་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་དུ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མི་སྣ་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། སྨན་དང་སྨན་བཅོས་འཕྲོད་བསྟེན་མི་སྣ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་ལྟར་གྲངས་འབོར་ངེས་ཅན་ལྡན་པའི་སྨན་དང་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མི་སྣ་ལྗོངས་ཕྱི་ནང་གི་མཐོ་རིམ་གསོ་རིག་སློབ་གླིང་ཁག་ཏུ་སློབ་རྒྱུས་རིམ་སྤོར་སློབ་གསོའི་ནང་ཞུགས་པར་འདེམས་གཏོང་བྱེད་པ་དང་། རིམ་པ་ཕྱེ་ནས་རིག་གཞུང་འཆད་ཁྲིད་དང་། གསོ་སྦྱོང་འཛིན་གྲྭ ཞིབ་འཇུག་དང་བློ་སྦྱོང་འཛིན་གྲྭ་བཅས་གཉེར་རྒྱུའི་འགན་འཁུར་རྒྱུ་དང་། ལས་ཐོག་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མི་སྣ་དང་། དོ་དམ་མི་སྣ། གྲོང་གསེབ་ཀྱི་སྨན་པ་བཅས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཐོག་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་བ། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་དཔུང་ཁག་བརྟན་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། སྨན་དང་སྨན་བཅོས་འཕྲོད་བསྟེན་མ་ལག་ནུས་ལྡན་དང་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུ་འགན་ལེན་བྱ་ཆེད་རང་ལྗོངས་ཀྱིས་སྨན་དང་སྨན་བཅོས་དང་འཕྲོད་བསྟེན་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སྤྱི་པའི་འཕྲོད་བསྟེན་དང་། སྨན་བཅོས། སྨན་བཅོས་འགན་བཅོལ། སྨན་རྫས། ནོར་དོན་ལྟ་སྐུལ་དོ་དམ་བཅས་ཀྱི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱ་རྒྱུ་དེ་ཤུགས་རྒྱག་སར་བྱས་ཏེ་སྨན་བཅོས་ཞབས་ཞུའི་མངོན་གསལ་དོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་།

        སྨན་བཅོས་འཕྲོད་བསྟེན་གྱི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། གྲོང་མིའི་བདེ་ཐང་ཡིག་ཚགས་བཟོ་རྒྱུ་གཙོ་གནད་དུ་བྱས་ཏེ་གྲོང་གསེབ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཆ་འཕྲིན་གྱི་དྲ་བའི་སྟེགས་བུ་འཛུགས་པ་དང་། སྨན་ཁང་དོ་དམ་དང་གློག་རྡུལ་ནད་ཐོ་དམ་འཛིན་བྱ་གཞིར་བྱས་ཏེ་སྨན་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། དྲ་བའི་ཆ་འཕྲིན་ལག་རྩལ་སྤྱད་དེ་གྲོང་ཁྱེར་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག་ཞིང་འབྲོག་ཁུལ་དང་དེ་བཞིན་མཐའ་མཚམས་དང་ཐག་རིང་ས་ཁུལ་ལ་ཕྱོགས་པའི་རྒྱང་ཁྲིད་སྨན་བཅོས་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།