དབུ་ཤོག>བོད་ལུགས་གསོ་རིག
  • སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་བོད་ལུགས་གསོ་རིག་དང་བོད་སྨན་ལ་གསོན་ཤུགས་ཀྱིས་ཁེངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཀརྨ་རྡོ་རྗེ།   |     སྤེལ་དུས།  2015-05-07

        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཟླ་༧ཚེས་༢༩ཉིན། སྐད་གྲགས་ཆེ་བའི་བོད་ལུགས་གསོ་རིག་གི་ཆེད་ལས་མཁས་པ། བོད་ལུགས་གསོ་རིག་སློབ་གླིང་གི་འགོ་འཛིན་དགྲ་འདུལ་ལགས་ཀྱི་སྨན་བཅོས་ལག་རྩལ་རྣམས་ནི་ཕ་ཤུལ་བུས་འཛིན་གནང་བ་ཞིག་ཡིན་རུང་། བོད་ལུགས་གསོ་རིག་ཐད་ཐོབ་པའི་གྲུབ་འབྲས་དག་ནི་མེས་པོ་རྣམས་ཀྱིས་དོ་ཟླ་བྲལ་བ་ཞིག་ཡིན། ཁོང་གིས “དུས་རབས་གསར་པའི་བོད་ལུགས་གསོ་རིག་ནི་སྔར་སོང་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་ལ། དེང་རབས་ཚན་རིག་གི་ནུས་པར་བརྟེན་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན ”ཞེས་གསུངས།

        “གངས་ལྗོངས་ས་མཐོའི་གཟི་འོད་བཀྲ་བའི་མུ་ཏིག ”ཅེས་སྙན་པར་འབོད་པའི་བོད་ལུགས་གསོ་རིག་དང་བོད་སྨན་ལ་ལོ་ངོ་༢༣༠༠ལྷག་ཙམ་གྱི་གོང་འཕེལ་ལོ་རྒྱུས་ལྡན་ཞིང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ་དང་། ཕུན་སུམ་ཚོགས་པའི་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ལྡན་ཡོད་པས། གཅོང་ནད་དང་རྒྱུན་འབྱུང་ནད་རིགས། བཅོས་དཀའ་བའི་ནད་བཅས་ལ་རང་སོའི་ཁྱད་ཆོས་དང་ཕན་ནུས་ཆེ་བའི་སྨན་བཅོས་བྱེད་ཐབས་ལྡན་ཡོད།

        “ལོ་ངོ་སྟོང་ཕྲག་རིང་། བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ས་མཐོའི་མི་རྣམས་ཀྱི་བདེ་ཐང་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་ཐུབ་ཡོད། ཡིན་ཡང་སྲོལ་རྒྱུན་བོད་སྨན་གྱི་སྣ་ཁ་ཉུང་བ་མ་ཟད་གཙོ་བོ་ལག་གཉིས་ལ་བརྟེན་ནས་ཐོན་སྐྱེད་བྱེད་དགོས། ལྟ་རེག་དྲི་གསུམ་ནི་བོད་ལུགས་གསོ་རིག་གི་ནད་བརྟག་ཐབས་གཙོ་བོ་དེ་ཡིན་པ་དང་། གནད་ལ་འཕིགས་པའི་གྲངས་གཞིའི་གཞི་འཛིན་ས་འདང་གི་མེད ”ད་ལོ་དགུང་ལོ་༦༣ལ་ཕེབས་པའི་དགྲ་འདུལ་ལགས་སྨན་པ་གནང་ནས་ལོ་ངོ་༥༠ལྷག་ཙམ་ཕེབས་ཀྱི་ཡོད་པ་དང་། ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཚོགས་ཀྱི་ཚོགས་གཙོ་ཡིན། ཁོང་གིས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་དང་། ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ལུགས་གསོ་རིག་དང་མེས་རྒྱལ་ནང་སའི་ཀྲུང་ལུགས་གསོ་རིགདེ་བཞིན་ནུབ་ལུགས་གསོ་རིག་བཅས་བར་གྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱས་ཡོད། དེང་རབས་སྨན་བཅོས་ཡོ་བྱད་དག་བོད་ལུགས་གསོ་རིག་ཀྱི་ནད་ཐོག་ཐད་ཡོངས་ཁྱབ་ངང་བེད་སྤྱོད་དང་དེང་རབས་ཅན་གྱི་སྨན་ཐོན་སྐྱེད་བྱས་པ་དང་བསྟུན་ནས། དེང་རབས་ཚན་རྩལ་གྱིས་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་ཞན་ཆ་ཁ་གསབ་ཐུབ་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལས་ཁུངས་རིམ་བཞིན་བཙུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་ཤུགས་ཆེ་གནང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་ཞིབ་ལ་ཤུགས་སྣོན་བརྒྱབ་ཡོད། ཉེ་བའི་ལོ་བཅུ་ཙམ་རིང་། སྲིད་གཞུང་གིས་སྔ་རྗེས་སུ་བོད་ལུགས་གསོ་རིག་དང་བོད་སྨན་ཚན་ཞིབ་ཀྱི་རྨང་གཞིའི་འཛུགས་སྐྱོང་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཆེད་མ་དངུལ་སྒོར་ཁྲི་༡༠༠༠ལྷག་ཙམ་བཏང་བ་དང་། དེས་མ་ཚད་དེ་བསྟུན་གྱི་ཚན་ཞིབ་ཆེད་ལས་པ་བཀོད་སྒྲིག་གནང་ཡོད། སྤྱི་ལོ་༢༠༠༨ལོར། ཚན་རྩལ་པུས 《བོད་ལུགས་གསོ་རིག་དང་བོད་སྨན་གྱི་དེང་རབས་ཅན་གྱི་གོང་འཕེལ་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》ཞེས་པ་རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”ཚན་རྩལ་རྒྱབ་རྟེན་འཆར་གཞིའི་གཙོ་གནད་རྣམ་གྲངས་སུ་བརྩིས་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་ཞིབ་ལས་ཀར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་སྨན་རྫས་གསར་པ་ཁག་༥ལ་རྒྱལ་ཁབ་ཀྱི་སྨན་གསར་པའི་ཐོན་སྐྱེད་ཆོག་མཆན་ཐོབ་པ་དང་། བོད་སྨན་རང་འགུལ་ཅན་གྱི་ཐོན་སྐྱེད་བྱེད་ཐབས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

        “སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་རྒྱལ་སྤྱིའི་སྒོ་མོ་དལ་གྱིས་ཕྱེ་ཡོད ”བོད་ལུགས་གསོ་རིག་གི་ཆེད་ལས་མཁས་པ། བོད་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པ་ཚེ་རིང་གིས། དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས། བོད་སྨན་ཐོན་སྐྱེད་ཀྱི་ལག་རྩལ་དེ་ཚན་རིག་ཅན་དང་གཞི་ཁྱོན་ཅན། ཚད་གཞི་ཅན་གྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་དང་། སྐབས་༢༦པའི་རི་ནི་ཝའི་རྒྱལ་སྤྱིའི་གསར་གཏོད་དང་ལག་རྩལ་གསར་པའི་འགྲེམ་ཚོགས་ཐོགབོད་ཀྱིས་ཐོན་སྐྱེད་བྱས་པའི་བོད་སྨན “ཆེས་ཕྲིན་ཟུག་འཇོམས་འབྱར་སྨན ”དང “ནོར་ཏི་ཁང ”ལ་རྒྱལ་སྤྱིའི་གསར་གཏོད་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་མ་ཟད་ཨ་རི་དང་འབྱར་པན། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་༢༠ལྷག་ཙམ་ལ་བྲིན་ཚོང་བྱས་ཡོད་ཅེས་གསུངས།

        ད་ཆ། བོད་ཀྱི་བོད་སྨན་ཐོན་ལས་དེ་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དུས་མཚམས་སུ་སླེབས་པ་དང་། བོད་ཀྱི་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཀྱི་གྲས་སུ་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་བོད་སྨན་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་བོད་སྨན་སྣེ་རིགས་༣༥༠ལྷག་ཙམ་ཡོད་པ་དང་། དེའི་ནང་ཐོན་རྫས་གཙོ་བོ་རིགས་༡༢ “རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་སྲུང་སྐྱོབ་སྣེ་རིགས ”སུ་གྱུར་བ་དང་། བོད་སྨན་གྱི་ཐོན་ལས་རིན་ཐང་སྒོར་དུང་ཕྱུར་༦ལྷག་ཙམ་ཟིན་ཡོད།

        བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེང་རབས་བོད་ཀྱི་ཞིབ་འཇུག་སོའི་སོའོ་ཀྲང་ངག་དབང་ཚེ་རིང་གིས “དེང་གི་དུས་འདིར། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གོང་འཕེལ་བར་ཁམས་སྔར་བས་རྒྱ་ཆེར་ཕྱིན་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལ་མི་སྔར་བས་མང་བས་དོ་འཁུར་བྱེད་ཀྱི་ཡོད་པས། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་གོ་སྐབས་གསར་པར་བསུ་བ་ཞུ་བཞིན་ཡོད ”ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།