དབུ་ཤོག>བོད་ལུགས་གསོ་རིག
  • གནའ་བོའི་བོད་སྨན་ལས་གསོན་ཤུགས་གསར་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        ཉེ་བའི་ལོ་ཤས་ནང་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭས་རྒྱལ་ཁབ་ཀྱིས་ལག་ལེན་བསྟར་བའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་གོ་སྐབས་དམ་པོར་བཟུང་ནས་རྒྱལ་ཁབ་ཀྱིས་གནང་བའི་མི་རིགས་ཀྱི་སྨན་རྫས་གསར་སྤེལ་གྱི་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱད་དེ་སྲོལ་རྒྱུན་གྱི་བོད་སྨན་གསར་གཏོད་བྱ་རྒྱུར་འབད་བརྩོན་བྱས་པ་དང་སྔ་རྗེས་སུ་ཏིག་ཏ་སོགས་སྤྱིན་འཐུམ་བརྒྱབ་པའི་བོད་སྨན་མང་པོ་བཟོས་ཡོད། མིག་སྔར་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་དེ་ཉིད་རྒྱལ་ནང་དུ་གཞི་ཁྱོན་ཆེ་ཤོས་དང་། ལོ་རྒྱུས་རིང་ཤོས། ལག་རྩལ་དང་མ་རྩ་སྟོབས་ཆེ་ཤོས་བཅས་ཡིན་པའི་བོད་སྨན་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་གྱི་རྟེན་གཞི་ཞིག་ཏུ་གྱུར་ཞིང་། འདི་ནི་བཟོ་གྲྭ་དེའི་ཐོན་སྐྱེད་འཁོར་ཁང་གི་བཟོ་པས་སྨན་བཟོ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།