དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱི་བུད་མེད་དང་ཕྲུ་གུའི་ཆེད་ཚན་སྨན་ཁང་དང་པོ་དེ་ལས་སྒོ་སྤེལ་ཉེར་ཡོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་27ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཕུའུ་ཁང་སྨན་རྫས་ཚོགས་པ་འཕེལ་རྒྱས་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་གསར་དུ་བསྐྲུན་པའི་ཕུའུ་ཁང་བུད་མེད་དང་ཕྲུ་གུའི་སྨན་ཁང་དེ་ཉེ་ཆར་དངོས་སུ་སྒོ་ཕྱེ་ནས་ལས་སྒོ་སྤེལ་ཉེར་ཡོད་པ་དང་ནད་སྡོད་ཁང་གི་ཐོག་བརྩེགས་ཁང་ཆེན་དེ་སྔོན་དཔག་བྱས་ན་ཟླ་9པ་དང་10པའི་ནང་བེད་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྤྱིའི་མ་དངུལ་སྒོར་ཁྲི་2000བཏང་བའི་ཕུའུ་ཁང་བུད་མེད་དང་ཕྲུ་གུའི་སྨན་ཁང་དེ་ལྕགས་པོ་རི་འགྲམ་དུ་ཡོད་པ་དང་དེ་ནི “སྐྱེད་ཚལ་རྣམ་པའི ”སྨན་བཅོས་དང་བདེ་ཐང་སླར་གསོ་གཞི་གཅིག་ཏུ་སྡུད་པའི་དེང་རབས་ཅན་གྱི་ཆེད་ཚན་སྨན་ཁང་ཞིག་ཡིན་ཞིང་། སྨན་ཁང་དེར་ནད་སྡོད་ཐོག་བརྩེགས་ཁང་ཆེན་དང་། སྒོ་བསྟེན་སྨན་བཅོས་ཐོག་བརྩེགས་ཁང་ཆེན། མཁོ་འདོན་ཐོག་བརྩེགས་ཁང་ཆེན། སྲིད་འཛིན་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན། འཕྲོད་སྦྱོར་ཐོག་བརྩེགས་ཁང་ཆེན་བཅས་ཡོད་པ་དང་ནད་ཁྲི་160ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།