དབུ་ཤོག>བོད་ལུགས་གསོ་རིག
  • པེ་ཅིང་དང་བོད་ཀྱི་སྨན་པས་ཉིན་གཅིག་ལ་ས་མཐོའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་གཤགས་བཅོས་ཀྱི་ཟིན་ཐོ་ 6 བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་ 12 ཉིན་པེ་ཅིང་དུ་ཕྱིར་ལོག་བྱེད་མ་ཐག་པའི་པེ་ཅིང་ཨན་ཀྲེན་སྨན་ཁང་གི་བོད་སྐྱོད་སྨན་བཅོས་རུ་ཁག་ནས་ཤེས་རྟོགས་བྱུང་བར་པེ་ཅིང་ཨན་ཀྲེན་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་མཉམ་ལས་ཀྱིས་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་གསར་དུ་བཙུགས་ནས་ཚོད་ལྟའི་ངང་ལས་དོན་སྒྲུབ་པའི་སྙིང་གི་འདྲེན་སྦུག་ཁང་དུ་ཉིན་གཅིག་ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་འཕོག་པའི་བྱིས་པ་6 ལ་གཤགས་བཅོས་བྱེད་པའི་ལོ་རྒྱུས་ཐོག་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

        ཟླ་ 6 ཚེས་ 2 ཉིན་གྱི་ཆུ་ཚོད་ 9 ནས་ཆུ་ཚོད་ 20 དང་སྐར་མ་30 བར་པེ་ཅིང་ཨན་ཀྲེན་སྨན་ཁང་གི་བྱིས་པའི་སྙིང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀུའུ་ཧུང་གིས་རུ་སྣེ་འཁྲིད་པའི་གསོ་རིག་རིགས་གཅིག་མཁས་པ་ 6 གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་རིགས་དང་རྒྱ་རིགས་ཀྱི་སྨན་དོན་མི་སྣའི་གཞོགས་འདེགས་འོག་ཚོད་ལྟའི་ངང་ལས་དོན་སྒྲུབ་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྙིང་གི་འདྲེན་སྦུག་ཁང་དུ་ལོ་13 ལ་སླེབས་པའི་ཚེ་བརྟན་བསམ་གྲུབ་སོགས་བོད་རིགས་བྱིས་པ་6 ལ་གྲུབ་འབྲས་ཐོན་པའི་སྒོ་ནས་སྙིང་ནད་སྦུ་འདྲེན་གྱི་གཤགས་བཅོས་ཐེངས་དང་པོ་དེ་བྱས་པ་རེད།

        མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ནི་ཟླ་ 6 ཚེས་ 4 ཉིན་པེ་ཅིང་ཨན་ཀྲེན་སྨན་ཁང་དུ་ཟབ་སྦྱོང་བྱེད་མཇུག་འགྲིལ་མ་ཐག་པའི་བོད་རང་ལྗོངས་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་སྨན་པ་ཚའེ་མའེ་ཡིས་ཀུའུ་ཧུང་གི་རོགས་རམ་འོག་ལོ་6ལ་སླེབས་པའི་སྐལ་བཟང་དབྱངས་ལགས་ལ་གྲུབ་འབྲས་ཐོན་པའི་སྒོ་ནས་སྙིང་ནད་སྦུ་འདྲེན་གྱི་གཤགས་བཅོས་བྱས་པ་དང་ཚའེ་མའེ་ཡང་ས་གནས་དེ་གའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་འཕོག་པའི་བྱིས་པར་གཤགས་བཅོས་བྱེད་མཁན་གཙོ་བོ་དང་པོ་དེར་གྱུར་ཡོད་པ་རེད།

        ཀུའུ་ཧུང་གིས་སྤྲོ་བ་འཕེལ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གསར་དུ་བཙུགས་པའི་སྙིང་གི་འདྲེན་སྦུག་ཁང་དེར་སྒྲིག་ཆས་རྩེ་གྲ་ཡོད་པ་དང་ད་རེས་ཚོད་ལྟའི་གཤགས་བཅོས་བྱས་པ་དང་ས་གནས་དེ་གའི་སྨན་དོན་མི་སྣ་གསོ་སྐྱོང་བྱས་པའི་ཐོག་ནས་འབྱུང་འགྱུར་ལོ་འགའ་ཤས་རིང་བོད་ཀྱི་ཚབས་ཆུང་བའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་འཕོག་པའི་བྱིས་པ་པེ་ཅིང་དུ་སྐྱོད་མི་དགོས་པར་ལྷ་སར་སྨན་བཅོས་བྱེད་ཐུབ་པ་མངོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།