པེ་ཅིང་སྨན་རྩིས་ཁང་གིས་བོད་ལུགས་སྨན་དང་སྨན་བཅོས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཉེ་ཆར་དུས་རབས་གསར་པའི “ནག་པོ་དགུ་སྦྱོར ”ཞིབ་སྤེལ་བྱས་པ་དེ་པེ་ཅིང་ཀྲུང་དབྱི་གསོ་རིག་དོ་དམ་ཅུས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད་པེ་ཅིང་ས་ཁུལ་གྱི་རིམས་འགོག་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣ་དང་དེ་བཞིན་སི་ཁྲོན་དང་ཀན་སུའུ་ཡི་ས་ཡོམ་གེགས་ཁུལ་དུ་འབུལ་འགོ་ཚུགས་པ་དང་འབྲེལ་ཁག་གཅིག་ཕྱིར་འཚོང་བྱེད་འགོའང་ཚུགས་ཡོད། བོང་ང་དང་གླ་རྩི་སོགས་ལས་སྦྱོར་སྒྲིག་བྱས་པའི་སྨན་འཐུམ་གྱི་དྲི་མ་དེས་སྣ་དང་དབུགས་ལམ་སོགས་ལ་ཟུག་གཟེར་བསླངས་ནས་མི་ལུས་ཀྱི་རིམས་འགོག་ནུས་པ་དང་སྙོམས་སྒྲིག་ནུས་པ་འཕེལ་བ་བྱས་ཐོག་དབུགས་ལམ་གྱི་འགོ་ནད་སྔོན་འགོག་གི་ནུས་པ་ཐོན་པ་བྱ་རྒྱུ་ཡིན་པ།
ཆམ་རིམས་འགོས་ཆེ་ཆུང་གཏན་འཁེལ་བྱ་རྒྱུའི་རྒྱུ་རྐྱེན།
༡ ནད་དུག་རང་ངོས་ཀྱི་དུག་ནུས།
༢ མིའི་རིགས་ཀྱི་སྤྱི་ཡོངས་ཀྱི་འགོ་སླ་བའི་རང་བཞིན།
༣ སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད།
༤ ཆམ་རིམས་ཁྱབ་སྟངས།
༥ ནད་ལོག་ཐེངས་གཉིས་པ་དང་ཐ་ན་ཐེངས་གསུམ་པ་ཡང་ཡང་ཐོན་པའི་སྐོར།
༦ གཞོན་ནུ་མི་ཚོགས་ཁྲོད་ནད་གཞི་ཕོག་མང་ཉུང་།
༧ ནད་དུག་འགོས་ཤུགས་ཆེ་ཆུང་།