དབུ་ཤོག>བོད་ལུགས་གསོ་རིག
  • བོད་སྨན་གྱི་རྒྱལ་སྤྱིའི་སྟེང་གི་གོ་གནས་དང་ཐབས་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་དྲ་བ།   |     སྤེལ་དུས།  2015-05-07

        བོད་སྨན་དང་མི་རིགས་སྨན། ཀྲུང་ལུགས་སྨན་བཅས་ཀྲུུང་གོའི་རྒྱལ་ཁབ་ནས་ཐོན་སྟེ་རྒྱལ་སྤྱིའི་སྨན་བཅོས་ཚོང་རར་འགྲོ་དགོས་པར། ཐོག་མར་སྨན་རྫས་ལ་ཚོང་རར་འགྲིམ་ཆོག་པའི་ཆོག་མཆན་ཐོབ་རྒྱུ་དང་སྨན་པའི་ཆེད་ལས་ཐོབ་ཐང་ཁས་ལེན་རྒྱུ་བཅས་ནི་གནད་འགག་གཙོ་བོ་ཡིན། དེར་བརྟེན། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག་ང་ཚོས་ཤང་ཀང་སྨན་རྫས་ཆོག་མཆན་ལྟེ་གནས་བཙུགས་པ་ནི་འདིར་བཞུགས་ཆེད་མཁས་དང་རྩོམ་པ་པོ་རྣམ་པའི་སྙན་ལམ་དུ་ཕུལ་བ་ལགས།

        དང་པོ། ཤང་ཀང་སྨན་རྫས་ཆོག་མཆན་ལྟེེ་གནས་ནི་ཤང་ཀང་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པའི་ཆེད་ལས་རང་བཞིན་གྱི་ཀྲུང་སྨན་དང་བཅུད་ལེན་སྨན། ནུབ་ལུགས་སྨན་རྫས་བཅས་ཀྱི་ཆོག་མཆན་ལྟེ་གནས་ཤིག་ཡིན།

        གཉིས་པ། ཤང་ཀང་སྨན་རྫས་ཆོག་མཆན་ལྟེེ་གནས་ཀྱི་ ཞབས་འདེགས་བྱེད་ཡུལ་ནི་ཤང་ཀང་དང་ཀྲུང་གོའི་སྐམ་ས་ཆེན་མོ། ཐའེ་ཝན། འཛམ་གླིང་སྨན་རྫས་ཁག་གི་སྨན་རྫས་བཟོ་གྲྭ།   སྐྱེས་དངོས་ཞིབ་འཇུག   སྨན་ཁང་། ཆེད་མཁས་སྨན་པ་དང་གསང་སྨན་སོགས་ཡིན།   ཆོག་མཆན་གྱི་རིགས་ནི་ཀྲུང་སྨན་དང་བཅུད་ལེན་སྨན།   རྩི་ཤིང་སྨན། ནུབ་ལུགས་སྨན་རྫས་བཅས་ཡིན།

        གསུམ་པ། ཤང་ཀངསྨན་རྫས་ཆོག་མཆན་གྱི་ལེགས་ཆ་ནི་ཡུལ་དེར་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་ས་གནས། ཆབ་སྲིད། དཔལ་འབྱོར་སོགས་འཛོམས། དེ་ནི་ཡུལ་འདི་ལོ་བརྒྱའི་ཡུན་དབྱིན་ཅིས་དབང་བསྒྱུར་རྐྱེན་ཐོན་རྫས་སྤུས་ཚད་དང་བཟའ་ཆས་ཀྱི་འཕྲོོད་བསྟེན་ཚད་གཞི་རྒྱལ་སྤྱིའི་ཚད་ལ་སླེེབས་པས་འཛམ་གླིང་ཀུན་གྱིས་ཁས་ལེན།

        བཞི་པ། ཤང་ཀང་སྲིད་གཞུང་གིས་ལོ་བརྒྱའི་ཡུན་ཀྲུང་སྨན་དང་བཅུད་ལེན་སྨན་ལ་ཆོག་མཆན་གནང་མེད།   ཤང་ཀང་གིས་རྒྱལ་སྤྱིའི་གོ་གནས་ཆེད་དུ་གོམ་གང་མདུན་སྤོས་ཀྱིས་ཀྲུང་སྨན་ཆོག་མཆན་འཆར་གཞི་གསར་དུ་བཀོད།།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།