དབུ་ཤོག>བོད་ལུགས་གསོ་རིག
  • H1N1ཆམ་རིམས་ཀ་པའི་ནད་རྟགས་གཙོ་བོ་དང་སྔོན་འགོག་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  པ་སངས།   |     སྤེལ་དུས།  2015-05-07

        1 H1N1ཆམ་རིམས་ཀ་པ་ཟེར་བ་ནི་གང་ཡིན་ནམ།

        H1N1ཆམ་རིམས་ཀ་པ་ཟེར་བ་ནི་H1N1ཆམ་རིམས་ཀ་པའི་ནད་དུག་ལས་འབྱུང་བའི་དོད་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན།

        2 ནད་དེ་བརྒྱུད་རིམ་གང་བརྒྱུད་ནས་འགོས་སམ།

        དེ་ནི་གཙོ་བོ་མཁའ་དབུགས་དང་མཆིལ་ཟེགས་བརྒྱུད་འགོས་ཀྱི་ཡོད་ཅིང་། དེ་ཡང་གློ་རྒྱག་པ་དང་ཧབ་ཆི་རྒྱག་པ་སོགས་ལས་ཕན་ཚུན་འགོས་ཀྱི་ཡོད།

        3 ནད་དེ་མི་གང་འདྲར་འགོས་བདེ་བ་ཡོད་དམ།

        ནད་དེ་མི་གང་འདྲ་ཞིག་ལའང་འགོས་བདེ་པོ་ཡོད་ཅིང་། ད་ལྟ་བར་ཐོན་པའི་ནད་པར་གཞིགས་ན་གཙོ་བོ་ལོ་20 ནས་45བར་གྱི་མི་ལ་འགོས་མང་བ་ཡོད་ནའང་བྱིས་པ་དང་རྒན་ཁོག་རྣམས་ལ་འགོས་རྒྱུར་གཟབ་ནན་བྱེད་དགོས།

        4 ནད་དེར་ནད་རྟགས་གང་ཐོན་གྱི་ཡོད་དམ།

        ནད་དེ་ན་ཚེ་ནད་རྟགས་རྒྱུན་གཏན་གྱི་ཆམ་རིམས་དང་འདྲ་པོ་ཡོད་ཅིང་། ཚ་བ་རྒྱས་པ་དང་མགོ་བོ་ན་བ། གློ་རྒྱག་པ། སྣ་འགག་པ། མིག་དམར་པོ་ཆགས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། ཁ་ཤས་ལ་སྣ་ཆུ་ཟག་པ་དང་མིད་པ་ན་བ། སྐྱུག་པ་དང་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། ནད་ལྕི་བར་དབུགས་འབྱིན་རྔུབ་ཀྱི་ཤུགས་ཡོངས་སུ་ཟད་དེ་དབུགས་ཀྱི་རྒྱུ་བ་ཆད་དེ་སྲོག་རྒྱུན་ཆད་ཀྱི་ཡོད།   

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།