དབུ་ཤོག>བོད་ལུགས་གསོ་རིག
  • ཁྱིམ་ཚང་ནང་དུ་སྨན་རིཌ་ཉར་ཚཌ་བྱེད་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        དེང་དུས་ཁྱིམ་ཚང་ནང་རྒྱུན་དུ་བེད་སྤྱོད་བྱེད་པའི་སྨན་རིགས་ཉར་ཚགས་བྱེད་མཁན་ཉིན་བཞིན་མང་དུ་འགྲོ་གི་ཡོད། དེས་ན་ཁྱིམ་སྤྱོད་སྨན་རྫས་བེད་སྤྱོད་པའི་རྒྱུན་ཤེས་འགའ་ཤེས་པ་བྱེད་དགོས་ངེས་ཤིག་རེད།

        སྨན་རྫས་ཉར་ཚགས་བྱེད་སྐབས་ཚང་མར་དུས་ཚོད་ངེས་ཅན་ཞིག་ཡོད་པས་དུས་ཚད་དེ་ལས་ཡོལ་ན་སྨན་གྱི་ནུས་པ་ཤོར་བ་དང་། ངོ་བོ་འགྱུར་བ་མ་ཟད། སྨན་བཏང་རྗེས་ན་ཚ་དྲག་རྒྱུ་ལྟ་ཞོག་ཐ་ན་དེ་ལས་ལྡོག་སྟེ་ན་ཚ་བཟོ་གི་ཡོད། དེར་བརྟེན་ཁྱིམ་ཚང་ནང་ཉར་འཇོག་བྱས་པའི་སྨན་རིགས་དུས་ཚོད་ཟླ་བ་གསུམ་ནས་ལྔ་རེ་སོང་མཚམས་གཙང་བཤེར་ཐེངས་རེ་བྱས་ནས་བེད་སྤྱོད་དུས་ཚད་ཡོལ་ཟིན་པ་དང་། ཧམ་སྤུ་བརྒྱབ་པ། ཚོས་མདོག་ལོག་པ་བཅས་ཡིན་པའི་སྨན་རིགས་དུས་ཐོག་ཏུ་གཙང་བཤེར་བྱེད་དགོས།

        རང་གྲབས་བྱས་པའི་སྨན་རིགས་ཡག་ཤོས་བྱུང་ན་སྨན་རིགས་དེ་རང་གི་སྔར་ཡོད་འཐུམ་སྒྲིལ་རམ་ཤེལ་དམ་བེད་སྤྱོད་དགོས། དེ་འདྲ་བྱས་ན་དབྱེ་བ་ཕྱེ་སླ་བ་མ་ཟད་སྨན་གཏོང་སྟངས་དང་ཁོང་ཆུད་ཤེས་བདེ་ཡོང་རྒྱུར་ཕན་པ་ཡོད།

        ཁྱིམ་ཚང་ནང་ཉར་ཚགས་བྱས་པའི་སྨན་སྤྱིར་བཏང་བྱས་ན་བསིལ་གྲིབ་དང་། སྐམ་ས། རླུང་འགྲོ་ཡག་སར་འཇོག་དགོས། སྨན་རིགས་ཀྱི་དམིགས་བསལ་རང་བཞིན་ལྟར་ན་ཁ་ཅིག་དྲོད་ཚད་དམའ་སར་འཇོག་དགོས་པ་དཔེར་ན། ཤ་མས་བཟོས་པའི་སྤྲི་དཀར་ཁབ་སྨན་དང་། སྦྲང་རྩིས་བཟོས་པའི་སྨན་ཁུ། དབྱི་ཏའོ་སུའུ་ཁབ་སྨན། ཨེ་ཐི་ཕི་ཁབ་སྨན། འཚོ་བཅུད་ང་པ་གཉིས་པའི་སྨན་སོགས་འཁྱག་སྒམ་གྱི་གྲང་མཛོད་ནང་འཇོག་དགོས། གཞན་ཡང་འཚོ་བཅུད་ག་པའི་སྨན་ཁབ་དང་། འཚོ་བཅུད་ཁ་པ་གཉིས་པ་སོགས་སྨན་ཁབ་ངེས་པར་དུ་འོད་མེད་བསིལ་གྲིབ་ཀྱི་སར་འཇོག་དགོས། དེ་མིན་ཕྲུ་གུར་སྤྱོད་པའི་འཐུང་སྨན་དང་བྱུག་སྨན་གཉིས་མཉམ་དུ་གཏན་ནས་འཇོག་མི་རུང་བ་དང་། ལོགས་སུ་བེད་སྤྱོད་བྱེད་སྟངས་ཀྱི་ཡི་གེ་ཁ་གསལ་འབྲི་དགོས།

        དེ་བཞིན་དལ་བའི་རང་བཞིན་གྱི་ན་ཚར་བེད་སྤྱོད་བྱེད་པའི་སྨན་གྱི་དུས་ཚད་ཅུང་རིང་ཙམ་དང་འགྱུར་ལྡོག་ཆེན་པོ་དེ་ཙམ་མེད་ནའང་སྨན་པའི་སློབ་སྟོན་འོག་བེད་སྤྱོད་བྱེད་དགོས། ཕྲུ་གུར་ནད་ཕོག་རྗེས་ནད་བབ་འགྱུར་ལྡོག་ཆེ་བས་ཡག་ཤོས་ལ་རང་མཚམས་ཀྱི་སྨན་གང་བྱུང་བེད་སྤྱོད་བྱ་མི་རུང་བར་སྔོན་ལ་སྨན་པས་ནད་བརྟག་སྨན་བཅོས་བྱས་རྗེས་གཞི་ནས་གནས་ཚུལ་ལ་གཞིགས་ཏེ་སྨན་བེད་སྤྱོད་བྱེད་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།