དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་ལ་འཕེལ་རྒྱས་གསར་པ་བྱུང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་གངས་ལྗོངས་ས་མཐོའི་ཐོག་གི་ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་ཐོབ་པ་དང་སྦྲགས་དུས་དེ་ནས་བཟུང་བོད་ལུགས་གསོ་རིག་དང་སྨན་རྫས་རིག་པའི་ཤོག་ལྷེ་གསར་པ་ཞིག་འབྱེད་འགོ་ཚུགས་ཤིང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་50ཡི་ནང་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་བས་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤིག་ཡིན་པའི་བོད་ལུགས་གསོ་རིག་དང་སྨན་རྫས་རིག་པར་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད།

        ཚན་རྩལ་གྱིས་བོད་སྨན་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པ།

        བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་རང་ལྗོངས་དང་མཚོ་སྔོན་ས་ཁུལ་དུ་དེང་རབས་ཅན་གྱི་བོད་སྨན་བཟོ་གྲྭ་བཙུགས་པ་མ་ཟད་GMPཡི་བླང་བྱ་གཞིར་བཟུང་རྒྱལ་སྤྱི་དང་འབྲེལ་མཐུད་བྱས་པ་དང་སྲོལ་རྒྱུན་གྱི་བོད་སྨན་བཟོ་སྟངས་དང་དེང་རབས་ཀྱི་ཚན་རྩལ་ཟུང་འབྲེལ་དམ་ཟབ་བྱས་པས་བོད་སྨན་ཐོན་སྐྱེད་ལག་རྩལ་དེ་ཚན་རིག་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་འགོ་ཚུགས་ཡོད།

        མིག་སྔར་རང་ལྗོངས་སུ་གཞི་ཁྱོན་མི་འདྲ་བའི་བོད་སྨན་ཐོན་སྐྱེད་བྱེད་མཁན་ཁེ་ལས་19བར་མང་དུ་ཕྱིན་པ་མ་ཟད་ཚང་མར་རྒྱལ་ཁབ་ཀྱི་GMPཡི་ཁས་ལེན་ར་འཕྲོད་ཐུབ་ཡོད། དེའི་ཁྲོད་དུ་རྒྱལ་ཁབ་སྨན་ལས་ཅུས་ཀྱི་ཆོག་ཨང་ཐོབ་པ་ཁག་294ཡོད་པ་དང་། བོད་སྨན་ཁག་21སྨན་རིགས་གསར་པའི་ཁོངས་སུ་བཅུག་པ། ཁག་20རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་གྱི་སྲུང་སྐྱོབ་བྱེད་ཁོངས་སུ་བཅུག་པ། བོད་སྨན་བཟོས་མ་ཁག་16རྒྱལ་ཁབ་ཀྱི་སྨན་རིགས་རྩེར་གྲའི་ཁོངས་སུ་བཅུག་པ། ཁག་31《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རིགས་དཀར་ཆག 》 ནང་བཅུག་ཡོད།

        བོད་སྨན་ཐོན་སྐྱེད་ཀྱི་ལག་རྩལ་ཚན་རིག་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་པ་དང་སྦྲགས་ཚན་རྩལ་ཀྱི་འདུས་ཚད་ཆེ་བའི་གྲགས་ཅན་བོད་སྨན་ཁག་གཅིག་སྔ་རྗེས་སུ་བཏོན་ཡོད།

        བོད་སྨན་ཞིབ་འཇུག་གི་འཕེལ་རྒྱས་འགྲོ་མྱུར་བ།

        2006ལོའི་ཟླ་8པར་བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་དངོས་སུ་བཙུགས་ཡོད། དེ་ཐོག་ནས་རང་ལྗོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྨང་གཞིའི་ཞིབ་འཇུག་དང་། དངོས་སྤྱོད་ཞིབ་འཇུག རིགས་གཞུང་དང་ནད་ཐོག་ཞིབ་འཇུག་བཅས་དང་དེ་བཞིན་གནམ་རིག་སྐར་རྩིས་ཀྱི་ཞིབ་འཇུག་བཅས་ཀྱི་ནུས་པ་དང་ཆ་རྐྱེན་འཛོམས་པ་མཚོན་པ་དང་དེས་བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་དང་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་སྔར་ལས་ལྷག་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།

        བོད་ཀྱི་ཚན་རྩལ་གྱི་ལས་ཀ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། ཚན་ཞིབ་མི་སྣ་མང་དུ་འགྲོ་བ། ཚན་ཞིབ་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་བཅས་དང་ཆབས་ཅིག་རང་ལྗོངས་ཀྱི་བོད་སྨན་གྱི་སྨན་རྒྱུའི་ཚན་ཞིབ་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་སྔ་རྗེས་སུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་ཆེད་རྩོམ་ཁག་གཅིག་དཔེ་སྐྲུན་བྱས་ཡོད།

        ན་ནིང་རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་སྒོར་ཁྲི་1757རོགས་སྐྱོར་བྱས་པ་དང 《བོད་ལུགས་གསོ་རིག་དང་བོད་སྨན་གྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》ཞེས་པ་དེ་རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”ཚན་རྩལ་འདེགས་སྐྱོར་འཆར་འགོད་ཀྱི་རྣམ་གྲངས་གཙོ་བོའི་ཁོངས་སུ་བཅུག་སྟེ་བོད་སྨན་གསར་པ་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་ལག་རྩལ་མཐོ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་བོད་སྨན་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོའི་ལྷུ་ཚིགས་གཙོ་བོར་ཞིབ་འཇུག་བྱས་ཡོད། རྣམ་གྲངས་དེ་ནི་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་དང་ཆེས་བྲིན་བོད་སྨན་ཀུང་སི་སོགས་ཚན་པ་བཞི་ཡིས་ཐུན་མོང་ཐོག་ལག་བསྟར་བྱེད་འགན་ཁུར་བ་དང་2009ལོར་ལེགས་གྲུབ་ཐུབ་རྒྱུའི་འཆར་གཞི་ཡོད་ཅིང་། འདི་ནི་རང་ལྗོངས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་འགོད་ཀྱི་རྣམ་གྲངས་གཙོ་བོ་སྒྲུབ་འགན་ཁུར་ཐེངས་དང་པོ་དེ་ཡིན་པ་རེད།

        བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་བཟོ་པས་སྨན་འཐུམ་སྒྲིལ་རྒྱག་བཞིན་ཡོད་པ།

     

        རང་ལྗོངས་ཀྱི་ཚན་རྩལ་ལས་དོན་པས་བོད་སྨན་གྱི་སྨན་རྒྱུ་བཅུ་གཅིག་ལ་ཞིབ་འཇུག་གཏིང་ཟབ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།