དབུ་ཤོག>བོད་ལུགས་གསོ་རིག
  • ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཕན་འབྲས་དངོས་དོན་གཉེར་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་ཁྲོད་སློབ་གླིང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་ཇི་ལྟར་བྱ་རྒྱུ་དེ་སློབ་གླིང་གི་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་པའི་གཙོ་གནད་དུ་བཞག་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་ཁྲོད་བསམ་བློར་བཅིངས་འགྲོལ་དང་གསར་གཏོད་ཧུར་ཐག་བྱས་ནས་དུས་མཚམས་གོང་མ་གཉིས་ཀྱི་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་ཁྲོད་ལག་ལེན་གྱི་ཁྱད་ཆོས་མངོན་པས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

        དུས་མཚམས་དང་པོའི་སློབ་སྦྱོང་དང་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་ཏང་ཡོན་ལས་བྱེད་པའི་བསམ་བློའི་དོན་དངོས་དང་དབྱེ་ཞིབ་དང་ཞིབ་བཤེར་དུས་མཚམས་ཀྱི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་དང་ལག་ལེན་བྱེད་སྒོའི་དུས་མཚམས་གཉིས་པའི་ནང་སློབ་གླིང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་ཟིན་ཐོ་འགོད་པ་དང་ཚན་པ་དེ་ག་དང་ཚན་ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་མྱོང་ཚོར་འབྲི་བ་དང་བྱ་ཐབས་རྣམ་པ་སྣ་ཚོགས་སྤྱད་དེ་བསམ་བློར་བཅིངས་འགྲོལ་གཏོང་བའི་གྲོས་བསྡུར་དེ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་། མངོན་གསལ་དོད་པའི་གནད་དོན་དབྱེ་ཞིབ་དང་ཞིབ་བཤེར་བྱེད་པ། བཅོས་སྒྲིག་བྱས་ནས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་དང་ཟུང་འབྲེལ་བྱས་ནས་སློབ་ཁྲིད་ཐད་སྐུལ་མ་ཐེབས་པའི་དགེ་མཚན་ལྡན་པའི་གྲོས་གཞི་དང་བསམ་འཆར་མང་པོ་བཏོན་པ་དང་སློབ་གླིང་གིས་སྔ་རྗེས་སུ་ཁྱོན་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་9 འཚོགས་པར་མི་187 ཞུགས་པའི་ནང་ཏང་ཡོན་ལས་བྱེད་པ་132 དང་། ཏང་ཕྱིའི་མི་སྣ་2 ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་12 མང་ཚོགས་ཀྱི་འཐུས་མི་41བཅས་ཡོད་པ་དང་བསམ་འཆར་བསྡུ་ལེན་བྱེད་པའི་རེའུ་མིག་60 སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།