དབུ་ཤོག>བོད་ལུགས་གསོ་རིག
  • མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་སྨན་འདུལ་གྱི་ཚད་གཞིར་ཐེངས་དང་པོ་གྲོས་འཆམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

        ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། “མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་སྨན་འདུལ་ཚད་ལྡན་ཞིབ་འཇུག ”རྣམ་གྲངས་ལ་ཉེ་དུས་ཞིབ་བཤེར་རྩིས་ལེན་བྱས་པ་དང་རྣམ་གྲངས་དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་སྤྱོད་བོད་སྨན་ཐོན་སྐྱེད་དང་སྤྱོད་རིང་གནས་པའི་བོད་སྨན་གྱི་རྒྱུ་ཆ་སྨན་འདུལ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་ཕྲའི་ཚད་ལྡན་ཡོང་བ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཚད་ལྡན་ཅན་དུ་འགྱུར་བ་བྱས་ནས་ཐོན་སྐྱེད་བྱ་རྒྱུའི་ཐད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

        མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་སྨན་འདུལ་གྱི་ཚད་ལྡན་ཞིབ་འཇུག་རྣམ་གྲངས་ཀྱིས་ཁྱོན་བོད་སྨན་སྣ་ཁ་242 ཀྱི་སྨན་འདུལ་ཚད་གཞི་ལེགས་གྲུབ་ཟིན་པའི་ནང་སྲོག་ཆགས་ཀྱི་སྨན་རྒྱུ་སྣ་ཁ་43 དང་། རྩི་ཤིང་གི་སྨན་རྒྱུ་སྣ་ཁ་145 གཏེར་ཁའི་སྨན་རྒྱུ་སྣ་ཁ་54 བཅས་ཚུད་ཡོད་པ་དང་དེའི་ནང་མིང་དང་། འབྱུང་ཁུངས། སྨན་འདུལ། ངོ་བོ་དང་གཟུགས་དབྱིབས། དབྱེ་འབྱེད། བརྟག་དཔྱད། འདུས་ཚད་ཚད་འཇལ་གཏན་འཁེལ། ནུས་པ་དང་གཙོ་བཅོས། སྤྱོད་ཐབས་དང་སྤྱོད་ཚད། དོ་སྣང་། ཉར་ཚགས་སོགས་ནང་དོན་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་སྨན་འདུལ་ཚད་ལྡན་ཡོང་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།