དབུ་ཤོག>བོད་ལུགས་གསོ་རིག
  • ལྗོངས་རིག་གནས་ཐིང་གིས་ལྷ་རི་རྫོང་གི་བོད་ལུཌ་གསོ་རིག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མ་དངུལ་སྒོར་ཁྲི་30ལྷག་ཙམ་མཐུན་སྦྱོར་དང་དོན་འཁྱོལ་བྱས་ནས་ལྷ་རི་རྫོང་གི་མཚོ་ལ་ཤང་ལ་བོད་ལུགས་གསོ་རིག་གི་ཆེད་ལས་སློབ་མ་20གསོ་སྐྱོང་བྱེད་པའི་འབྲིང་རིམ་ཆེད་ལས་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་པ་རེད།

        ལྷ་རི་རྫོང་མཚོ་ལ་ཤང་ནི་ས་བབ་མཐོ་ལ་བཞའ་ཚན་ཆེ་བའི་འབྲོག་ཁུལ་ཞིག་ཡིན་པ་དང་དེ་གར་སྨན་དང་སྨན་པ་དཀོན་པས་མང་ཚོགས་ལ་ནད་ཡོད་ཀྱང་ལྟ་ཡུལ་མེད་ཅིང་། ཤང་དེར་གནས་གཏན་འཁེལ་གྱིས་དབུལ་སྐྱོར་བྱེད་མཁན་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གནས་ཚུལ་དངོས་དེ་ཤེས་རྟོགས་བྱུང་རྗེས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱས་ནས་མ་དངུལ་དོན་འཁྱོལ་བྱས་ཏེ་ཤང་དེར་ཡུལ་དེ་གའི་བོད་ལུགས་སྨན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཐོག་ནད་ལྟ་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ད་རེས་ཀྱི་སློབ་བསྡུའི་རྒྱུགས་སྤྲོད་ནང་ཞུགས་མཁན་སློབ་མ་ཚང་མ་ནི་མཚོ་ལ་ཤང་གི་འབྲོག་པའི་བུ་ཕྲུག་ཡིན་པ་དང་མི་གྲངས་64ཡོད། རྒྱུགས་སྤྲོད་སློབ་མ་ཚང་མ་དྲང་བཞག་ངང་རྒྱུགས་ལེན་བྱས་པའི་རྨང་གཞིའི་ཐོག་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལ་གཞིགས་ནས་གྲོང་ཚོ་རེ་ནས་སློབ་མ་རེ་བསྡུས་པ་དང་ཁྱོན་བསྡོམས་སློབ་མ་20བསྡུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།