བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྟེང་ཆེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྟེང་ཆེན་རྫོང་གིས་སྒྲིག་བཤེར་དང་། ལྟ་ཞིབ། འཕྲོད་བསྟེན། ཟོག་གོང་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་ཐོག་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་སྨན་རྫས་ཚོང་ཁང་དང་སྨན་བཅོས་ཁང་10ལ་སྨན་རྫས་རིན་གོང་ཐད་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཆེན་པོ་བྱས་པ་རེད།
ཞིབ་བཤེར་བྱེད་རིང་རྫོང་དེས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། གཙོ་བོ་སྨན་རྫས་རིན་གོང་གི་སྲིད་ཇུས་ལག་བསྟར་བྱས་ཚུལ་དང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དང་སྨན་ཡོན་བསྡུ་བའི་ཚད་གཞི་ལག་ལེན་བསྟར་ཚུལ་སོགས་ལ་ཞིབ་ཕྲའི་ཞིབ་བཤེར་དང་ཞིབ་བསྡུར་བྱས་པ་དང་སྨན་བཅོས་ཁང་རེ་ཟུང་གི་སྨན་རྫས་ཁག་གཅིག་གི་རིན་གོང་ཅུང་མཐོ་བ་དང་། རིན་གོང་ཁ་གསལ་བཀོད་མེད་པ། མི་ལ་བལྟས་ནས་གོང་རྒྱག་པ། རིན་གོང་གང་འདོད་བརྗོད་པ་བཅས་ཀྱི་གཉེར་སྐྱོང་བྱེད་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་འབྲེལ་བཅོས་སྒྲིག་བྱ་རྒྱུའི་བཀའ་ཡང་བཏང་བ་རེད།