དབུ་ཤོག>བོད་ལུགས་གསོ་རིག
  • ལྗོངས་མི་དམངས་སྨན་ཁང་གཉིས་པས་ཁྲག་རྒྱུན་དྭངས་འཚག་གི་ལག་རྩལ་གསར་པ་བེད་སྤྱོད་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་ 9 ཚེས་ 7 ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པས་ཁྲག་རྒྱུན་ལ་ལྟ་ཞིབ་སྨན་བཅོས་བྱེད་རིང་ཁྲག་རྒྱུན་དྭངས་འཚག་གི་ལག་རྩལ་གསར་པ་སྤྱད་ཡོད། ཁྲག་རྒྱུན་དྭངས་འཚག་གི་ལག་རྩལ་དེ་བེད་སྤྱོད་གཏོང་བའི་ཁྱབ་ཁོངས་ནི་མཁལ་ནད་ནས་དབང་པོ་མང་པོ་ཉམས་པ་དང་། རྒྱུན་རིམ་རང་བཞིན་གྱི་གཉན་ནད་མི་འཕྲོད་པའི་ཕྱོགས་བསྡུས་ནད་གཞི། དར་མའི་དབུགས་གཏོང་དཀའ་བའི་ཕྱོགས་བསྡུས་ནད་གཞི། ཁྲག་རྒྱས་པའི་རང་བཞིན་གྱི་སྙིང་ཤུགས་ཉམས་པ་སོགས་ནད་གཞི་མང་པོ་སྨན་བཅོས་བྱེད་པར་རྒྱ་ཆེར་བཏང་ཡོད།

        ནད་ཐོག་སྨན་བཅོས་བྱས་པ་བརྒྱུད་ཁྲག་རྒྱུན་དྭངས་འཚག་བྱས་ཚེ་སྙིང་རྩའི་འགོག་བྱེད་རྐྱེན་ཕྲེང་ནུས་ལྡན་ངང་སེལ་ཐུབ་པ་དང་དེའི་སིམ་སྣོན་ཆུང་བ་དང་ཁྲག་རྒྱུན་གྱི་སྒུལ་ཤུགས་རིག་པ་བརྟན་པོའི་གནས་སུ་གནས་ཡོད་སྟབས་ནད་པའི་སྙིང་ནུས་ལེགས་སུ་གཏོང་བར་ཕན་ཐོགས་ཡོད་པ་ར་འཕྲོད་བྱུང་ཡོད། ཡུན་རིང་ལྟ་ཞིབ་བྱེད་པའི་མཁལ་ནད་ཕོག་མཁན་ལ་དུས་གཏན་འཁེལ་ངང་ཁྲག་རྒྱུན་དྭངས་འཚག་སྨན་བཅོས་བྱས་པ་བརྒྱུད་ནད་པའི་པགས་པ་ཟ་འཕྲུག་ལངས་བའི་གནས་ཚུལ་མངོན་གསལ་དོད་པོས་ཡང་དུ་འགྲོ་ཐུབ་པ་དང་མཉམ་དུ་ཐོན་པའི་ནད་རིགས་ཕོག་ཚད་ཉུང་དུ་འགྲོ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།