དབུ་ཤོག>བོད་ལུགས་གསོ་རིག
  • རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་ཚན་རིག་ལག་རྩལ་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་4ཉིན་གྱི་ཕྱི་དྲོ་རང་ལྗོངས་ཀྱི་ཁེ་ལས་ཚན་རྩལ་མཐུན་ཚོགས་དང་པོ་སྟེ་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་ཚན་རིག་ལག་རྩལ་མཐུན་ཚོགས་ལྷ་སར་བཙུགས་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ཀྱིས་བོད་སྨན་བཟོ་གྲྭའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

        རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་མཚམས་སྒྲོན་གྱིས་ཚོགས་ཆེན་ཐོག་བོད་སྨན་བཟོ་གྲྭའི་ཚན་རྩལ་མཐུན་ཚོགས་བཙུགས་པ་དེས་རང་ལྗོངས་ཀྱི་ཁེ་ལས་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་སྟོང་ཆ་གསབ་པ་མ་ཟད་ཁེ་ལས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ལ་དེ་བས་ཡངས་པའི་འཚོ་བའི་བར་ཁམས་དང་སྟེགས་བུ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད། ཚོགས་ཆེན་ཐོག་ལྗོངས་བོད་སྨན་བཟོ་གྲྭའི་ཚན་རྩལ་མཐུན་ཚོགས་དང་པན་ཤིའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་ཚན་རྩལ་མཐུན་ཚོགས་དབར་ཆ་འགྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།