དབུ་ཤོག>བོད་ལུགས་གསོ་རིག
  • སོག་རྫོང་གིས་དམངས་འཚོར་དམིགས་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-04

    ཉེ་བའི་ལོ་ཤས་རིང་སོག་རྫོང་གིས་བདེ་སྐྱིད་ལྡན་པའི་དམངས་འཚོའི་འདུ་འགོད་ཁག་གི་ལས་དོན་སྤེལ་རྒྱུར་དམ་པོར་དམིགས་པའི་ཁར་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་མ་ཏན་ཏིག་བཏང་ནས་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བ་སོགས་ཀྱི་མང་ཚོགས་ཀྱི་གནད་དོན་གཙོ་གནད་དུ་བསལ་བས་ཁོང་ཚོའི་ལུས་ཁམས་བདེ་སྲུང་ཐོབ་ནུས་རྒྱུན་མི་ཆད་པར་ཆེ་རུ་སོང་བ་རེད།

    ཉེ་བའི་ལོ་ཤས་རིང་སོག་རྫོང་གིས་མ་དངུལ་འབོར་ཆེན་བཏང་ནས་སོག་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གི་ནད་སྡོད་ཁང་དང་ཁ་སྣོན་སྡེ་ཁག་རྒྱས་སྐྲུན་ཁར་སྨན་བཅོས་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་སྨན་དོན་པ་མང་དུ་བཏང་བ་མ་ཟད། དུས་བཀག་བཞིན་ནང་སའི་ཁ་གཏད་སྨན་ཁང་གི་སྨན་པ་རྐང་འཛིན་པ་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གི་སྨན་དོན་པར་ལག་རྩལ་མཛུབ་ཁྲིད་དང་སྤེལ་རེས་སློབ་སྦྱོང་བྱེད་པར་གདན་འདྲེན་པའི་བྱ་ཐབས་ལ་བརྟེན་ནས་སོག་རྫོང་གི་སྨན་དོན་པའི་ལས་སྒོའི་ནུས་པ་མཐོ་རུ་བཏང་ཡོད།

    2014ལོར་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་བརྟག་ཞིབ་བྱས་པ་ལས་སོག་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་དྲོད་མཁོ་འདོན་མི་ཐུབ་པའི་དཀའ་ངལ་ཤེས་རྟོགས་བྱུང་སྟེ་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་ལ་དྲོད་ལེན་རྣམ་གྲངས་འཛུགས་རོགས་བྱས་པར་སྒོར་ཁྲི་200བཏང་བས་སོག་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ཀར་དྲོད་མཁོ་འདོན་ཐུབ་པ་མ་ཟད། སོག་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་མདུན་གྱི་ལམ་སྔོན་མ་འདམ་བག་ཡིན་པ་ཨར་འདམ་དུ་བསྐྲུན་པས་འཕྲོད་བསྟེན་ཞབས་ཞུའི་རྣམ་པ་ཆེས་ཆེར་ལེགས་སུ་སོང་ཡོད།

    སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ནས་སོག་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་ལ་སྔོན་ཐོན་གྱི་གློག་གི་ཚོན་པར་དང་སྙིང་པར་སོགས་སྒྲིག་ཆས་40ལྷག་ཙམ་ཁ་སྣོན་བྱས་པས་ནད་བཅོས་བྱེད་ཁྱོན་སྔར་བས་ཆེ་རུ་སོང་ཞིང་། ད་ཆ་ནད་ཁྲི་སྔོན་མའི་17ནས་91བར་མང་དུ་སོང་སྟེ་སྤྱོད་ཚད་95%ཡན་ཟིན་པ་དང་། ལོར་སྨན་ཁང་དུ་སྡོད་མཁན་ནད་པ་དེ་སྔའི་མི་ཐེངས་380ནས་2000བར་འཕར་བ། སྒོ་བསྟེན་ནད་པ་དེ་སྔའི་མི་ཐེངས་6000ནས་30000བར་མང་དུ་སོང་བ། གཤགས་བཅོས་བྱས་པའི་ནད་པ་དེ་སྔའི་མི་ཐེངས་55ནས་ད་ཆའི་110བར་འཕར་བ་བཅས་ཡིན།

    སོག་རྫོང་གིས་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་འཕྲོད་བསྟེན་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་མྱུར་སྐྱོབ་ས་ཚིགས་བཙུགས་པ་དང་། རྫོང་བོད་སྨན་བཟོ་གྲྭ་དང་། དཀར་སྨད་ཤང་དང་། ལྕམ་མདའ་ཤང་། ཁྲི་རྡོ་ཤང་དང་དེ་བཞིན་རྫོང་གི་རིམས་འགོག་ལྟེ་གནས་དང་རྫོང་འཕྲོད་བསྟེན་ལྟ་སྐུལ་ཁང་སོགས་རྒྱས་སྐྲུན་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་ཡོད།

    ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མང་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཤིང་། བསྡོམས་རྩིས་ལ་གཞིགས་ན། ད་ཆ་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་པ་མི་ཐེངས་45105ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་ལེན་ལམ་ལུགས་ནང་ཞུགས་སུ་བཅུག་པར་ཞུགས་ཚད་95%ཟིན་པ་དང་། ཞིང་འབྲོག་པར་ནད་ཆེན་གྱི་སྨན་རིན་རྩིས་ཞུ་བྱེད་ཚད་ཁྲི་1209དང་རྩིས་ཞུ་མཁན་གྱི་གྲངས་འབོར་1759ཟིན་ནས་མང་ཚོགས་ཕལ་མོ་ཆེར་ན་དུས་སྨན་བཅོས་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།