དབུ་ཤོག>བོད་ལུགས་གསོ་རིག
  • སྒོག་པ་ཟོས་ན་ཁྲག་ཚིལ་མར་འབབ་ཐུབ།

  • ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་པ།   |     སྤེལ་དུས།  2015-04-08

    སྒོག་པར་འཚོ་བཅུད་ཕུན་སུམ་ཚོགས་པས།ཟས་འཇུ་བའི་ཟགས་ཐོན་ཇེ་མང་དུ་གཏོང་བ་དང་ཟས་ཀྱི་ཡི་ག་ཇེ་ཆེར་འགྲོ་བ།ཟས་འཇུ་བའི་ནུས་ཤུགས་ཇེ་ཆེར་གཏོང་ཐུབ་པ་ལས་གཞན།ད་དུང་ནད་འབུ་སེལ་བ་དང་གཉན་འཇོམས་པ་བཅས་ཀྱི་ནུས་པ་ལྡན།ཉེ་ཆར་གསར་དུ་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན།དུས་རྒྱུན་དུ་སྒོག་པ་ཟོས་ན།ཁྲག་ཚིལ་དང་ཁྲག་མངར།ཁྲག་ཤེད་བཅས་མར་འབབ་ཐུབ་པ་དང་།ད་དུང་ཀླད་པ་གསོ་ཐུབ།

    སྨན་པས་གསལ་འདེབས་བྱས་པ་སྟེ།མི་ཡི་ཀླད་པ་འགུལ་སྐྱོད་བྱེད་པའི་ནུས་ཚད་ནི་རྒུན་འབྲུམ་མངར་ཆས་འདོན་སྤྲོད་བྱས་པ་དང་།རྒུན་འབྲུམ་མངར་ཆའི་ནུས་ཚད་ལ་འགྱུར་ལྡོག་བྱུང་ཚེ་འཚོ་བཅུདB1དང་ཁ་འབྲལ་མི་ཐུབ།ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན།སྒོག་པ་དང་འཚོ་བཅུདB1ཉུང་ཙམ་མཉམ་གཅིག་ཏུ་བཞག་ན།སྒོག་ཨན་ཞེས་པའི་དངོས་རྫས་ཤིག་མྱུར་དུ་ཐོན་ཐུབ་པ་དང་།སྒོག་ཨན་ཞེས་པ་དེའི་ནུས་པ་འཚོ་བཅུདB1ལས་ཀྱང་བཟང་བ་རེད།དེའི་རྐྱེན་གྱིས་ཀླད་པའི་ངལ་རྩོལ་མང་དྲགས་པའི་མི་ལ་མཚོན་ན།སྒོག་པ་མང་པོ་ཟོས་ན་ཀླད་ཤུགས་སླར་གསོ་བྱེད་པར་ཕན་པ་ཡོད།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།