དབུ་ཤོག>བོད་ལུགས་གསོ་རིག
  • དང་པོ། མགོ་རླུང་གི་ནད།

  • ཡོང་ཁུངས།  གསོ་རིག་སྐྱ་རེངས་གསར་པ།   |     སྤེལ་དུས།  2015-04-07

    མགོ་རླུང་གི་ནད་ཟེར་བ་དེ་ནི་རླུང་གི་བྱེད་ལས་འཁྲུགས་ཏེ་ཀླད་པའི་དབང་རྩའི་ནུས་པ་ཉམས་ཞན་དུ་གྱུར་ནས་མགོ་བོ་ན་བའི་ནད་ཅིག་རེད།

    སློང་རྐྱེན། བསམ་བློ་བཏང་དྲགས་པ་དང་།ཡུན་རིང་གཉིད་ཆག་པ།སེམས་སྡུག་ཆེན་པོ་བྱུང་བ་སོགས་ཀྱིས་སློང་གི་ཡོད་པ་རེད།

    ནད་རྟགས། མགོ་བོར་ན་ཟུག་ངེས་མེད་དུ་གཏོང་བ་དང་།མགོ་ཡུ་འཁོར་ནས་ཟི་འཐོམ་འཐོམ་བྱེད་པ།རྣ་བ་འུར་བ།གཉིད་ཡེར་བ།རྨི་ལམ་མང་བ།དྲན་ཤེས་ཉམས་པ།སེམསའཚབ་པ་དང་འཆོལ་བ།སྙིང་གཡུགས་ཆེ་བ།འཕར་རྩའི་རྒྱུ་བ་སྟོང་པ།དྲི་ཆུའི་མདོག་སྔོ་ལ་སླ་བ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད།

    སྔོན་འགོག དུས་རྒྱུན་དུ་བསམ་བློའི་ངལ་གསོ་རྒྱག་རྒྱུར་དོ་སྣང་བྱེད་དགོས་པ་དང་།སེམས་སྡུག་དང་སེམས་ལས་ཀྱི་རིགས་མི་ཡོང་བ་བྱེད་དགོས།

    བཅོས་ཐབས། སྨན་ལུག་ཀླད་རིལ་བུ་དང་།བདུད་རྩི་བཅུ་གཅིགབླ་མེད།ཨ་གར་ཉི་ཤུ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་བྱེད་དགོས་ཀྱི་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།