དབུ་ཤོག>བོད་ལུགས་གསོ་རིག
  • གཉིས་པ། མཁྲིས་པའི་མགོ་ནད།

  • ཡོང་ཁུངས།  གསོ་རིག་སྐྱ་རེངས་གསར་པ།   |     སྤེལ་དུས།  2015-04-07

    མཁྲིས་པའི་མགོ་ནད་ཟེར་བ་དེ་ནི་མཁྲིས་པར་ཚ་བ་ཞུགས་པའི་རྐྱེན་གྱིས་མགོ་བོར་ཤུགས་རྐྱེན་ཐེབས་ནས་ན་བ་ཅིག་རེད།

    སློང་རྐྱེན།  སྣུམ་དང་མར་རྙིང་སོགས་ཞག་ཚིའི་རིགས་དང་།ཆང་རགས་འཐུངས་ཆེས་པ།འཁྲུགས་ལས་ཆེས་དྲགས་པ་སོགས་ཀྱིས་སློང་གི་ཡོད་པ་རེད།

    ནད་རྟགས།  མགོ་བོར་གཟེར་ཟུག་རྒྱག་པ་དང་།ཡང་ན་ན་བྱིང་བྱིང་བྱེད་པ།ནད་ཚབས་ཆེ་སྐབས་རིལ་འགྲོ་བ།ནད་པ་འགའ་ཞིག་ལ་ཡ་ཁུང་གཟེར་བ་དང་།ཁ་ཏིག་ཁ་བ།ཟས་ཀྱི་དང་ག་འགགས་པ།མཁྲིས་ཁུ་སྐྱུག་པ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད།

    སྔོན་འགོག  ལུས་ཁམས་འཁྱགས་པ་དང་།སྣུམ་སོགས་ཞག་ཚིལ་རིགས་ཟ་ཆེས་པ།འཁྲུགས་ལས་ཆེས་པ་སོགས་བྱེད་རྒྱུ་མེད།

    བཅོས་ཐབས། སྨན་གསེར་མདོག་བཅུ་གཅིག་དང་།གི་ཏིགཏིག་ཏ་བརྒྱད་པ།རིལ་དཀར་པད་སྡོང་།ཐང་ཆེན་ཉེར་ལྔ།གསེར་ཏིག་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་བྱས་ཆོག་གི་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།