དབུ་ཤོག>བོད་ལུགས་གསོ་རིག
  • ལྗོངས་སྨན་རྩིས་ཁང་ལས་དོན་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-03

    “གྲོང་ཚོ་དེའི་མི་སེར་གྱི་བབ་བརླིང་ལྡན་པའི་གཤིས་ཀ་དང་། སེམས་རྩ་འཁོལ་བའི་བའི་རྣམ་འགྱུར། ཕྲུ་གུ་ཚོའི་གཡོ་ཟོལ་མེད་པའི་འཛུམ་མདངས་དག་མཐོང་སྐབས། དེ་ནི་དཀའ་ངལ་འཕྲད་སྐབས་སེམས་པ་བཟང་བ་དང་། ཀུ་རེར་དགའ་བ། སྤྲོ་སྣང་ལྡན་པ་བཅས་ཀྱི་བོད་མི་རིགས་ཀྱི་གཤིས་བཟང་ཞིག་དང་། དེ་ནི་དེང་གི་སྤྱི་ཚོགས་ལ་མཁོ་ཤོས་དང་། དཀོན་ཤོས། དར་སྤེལ་གཏོང་འོས་ཤོས་ཀྱི་བསམ་པའི་རྒྱུ་ནོར་ཞིག་ཡིན་པ་ཕལ་ཆེར་ཁྱེད་ཀྱིས་ཤེས་སྲིད”

    ལས་དོན་རུ་ཁག་གིས་སྣང་རྩེ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བློ་ཁོག་ཆེན་པོས་ལས་ཀའི་བྱ་ཐབས་གསར་པ་བཏོད་པ་དང་། རང་འདེམས་བྱ་སྤྱོད་ཐོག་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ། ཤང་དང་གྲོང་ཚོའི་སློབ་གསོར་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་པ། “བོད་རྒྱའི་བརྩེ་སེམས། ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་སློབ་གསོའི་རང་ཚུགས་རོགས་སྐྱོར་གྱི་ཕུགས་ཕན་འཆར་གཞི”ཡི་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ། སློབ་མར་དོ་ཁུར་དང་། སློབ་གསོར་དོ་ཁུར། འབྱུང་འགྱུར་ལ་དོ་ཁུར་བཅས་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཝུའེ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “བོད་རྒྱའི་བརྩེ་སེམས། ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་སློབ་གསོའི་རང་ཚུགས་རོགས་སྐྱོར་གྱི་ཕུགས་ཕན་འཆར་གཞི”ནི་ནང་སའི་གཅེས་སེམས་མི་སྣ་དང་ཡ་མོ་ཤང་གི་སློབ་གསོའི་ལས་དོན་དབར་ལ་རང་ཚུགས་དང་། ཐད་ཀར། ཡིད་རྟོན་བཅས་ཀྱི་རོགས་སྐྱོར་ཐབས་ལམ་གཏོད་པའི་འཆར་གཞི་ཞིག་ཡིན་ཞིང་། དེས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་རྣམས་བློ་བདེའི་ངང་སློབ་སྦྱོང་བྱེད་པར་ལྕག་སྐུལ་ཐུབ་པ་མ་ཟད། ས་གནས་དེ་གའི་སློབ་གསོའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཀྱང་ཐུབ་ཀྱི་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རོགས་སྐྱོར་མ་དངུལ་དང་ལེན་མི་བྱེད་པར་སྣང་རྩེ་གྲོང་ཚོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་དང་། ཕྲུ་གུའི་སློབ་སྦྱོང་གནས་ཚུལ། དེ་བཞིན་ཡ་མོ་ཤང་སློབ་ཆུང་གི་རོགས་སྐྱོར་མ་དངུལ་གྱི་དགོས་མཁོ་བཅས་ཀྱི་ཆ་འཕྲིན་ཡང་དག་དང་འཕྱུགས་མེད་ངང་ནང་སའི་གཅེས་སེམས་མི་སྣར་ཤོད་པ་དང་གཅེས་སེམས་མི་སྣས་རང་ཚུགས་དང་། རང་འདོད། རང་མོས་བཅས་ཀྱི་རྩ་དོན་ཐོག་ནས་རོགས་སྐྱོར་བྱ་ཡུལ་དང་། རོགས་སྐྱོར་བྱེད་སྟངས། གྲངས་འབོར། རེ་བ་བཅས་གཏན་འཁེལ་བྱེད་པ་མ་ཟད། ད་དུང་རོགས་སྐྱོར་བྱ་ཡུལ་ལ་ཐད་ཀར་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད།

    མིག་སྔའི་བར“བོད་རྒྱའི་བརྩེ་སེམས། ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་སློབ་གསོའི་རང་ཚུགས་རོགས་སྐྱོར་གྱི་ཕུགས་ཕན་འཆར་གཞི”དེས་སྣང་རྩེའི་སློབ་གསོའི་འཕེལ་རྒྱས་འཆར་འགོད་དང་། ཡ་མོ་ཤང་སྣང་རྩེ་གྲོང་ཚོའི“སློབ་གསོའི་ས་ཚིགས”འཛུགས་སྐྲུན་གྱི་རོགས་སྐྱོར་མ་དངུལ་སྤྲོད་པའི་བསམ་འགོད། ཡ་མོ་ཤང་སློབ་ཆུང་དུ་རོགས་སྐྱོར་མ་དངུལ་སྤྲོད་པའི་བསམ་འགོད་བཅས་ལས་དོན་གསུམ་ལེགས་པར་བསྒྲུབས་པར་གྲུབ་འབྲས་་རགས་ཙམ་ཐོབ་ཡོད་པ་རེད།

    ལོ་18ལ་སླེབས་པའི་བསྟན་འཛིན་ལྷ་མོ་ད་ཆ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ནང་མི་དྲུག་ལ་ལོར་ཁྱོན་ཡོང་འབབ་སྒོར་3000ལས་མེད། འཚོ་བའི་ཁུར་པོ་ལྕི་བས། སྦྱངས་འབྲས་གཡུར་དུ་ཟ་བའི་བསྟན་འཛིན་ལྷ་མོར་སློབ་མཚམས་འཇོག་རྒྱུའི་བསམ་བློ་ཐེངས་མང་འཁོར། འོན་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི“སློབ་གསོའི་རང་ཚུགས་རོགས་སྐྱོར་གྱི་ཕུགས་ཕན་འཆར་གཞིའི”རྣམ་གྲངས་ཀྱི་རོགས་རམ་འོག་བསྟན་འཛིན་ལྷ་མོར་ཀོང་ཀྲོའུ་གྲོང་ཁྱེར་གྱི་གཅེས་སེམས་མི་སྣ་ལིན་ཀྲེ་ཡི་ལོ་རེར་སྒོར་3000གི་རོགས་སྐྱོར་མ་དངུལ་ཐོབ་པ་རེད།

    གཅེས་སེམས་མི་སྣའི་རོགས་སྐྱོར་མ་དངུལ་ཐོབ་པ་ཤེས་སྐབས་བསྟན་འཛིན་ལྷ་མོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང“ངས་སེམས་བཟང་ཅན་ཁོང་མཇལ་ནས་ཐུགས་རྗེ་ཆེ་ཞུ་འདོད་འདུག སླད་ཕྱིན་འཚོ་བའི་ཁུར་པོར་སེམས་ཁྲལ་བྱེད་མི་དགོས་པར་བློ་བདེའི་ངང་སློབ་སྦྱོང་བྱ་རྒྱུ་འདུག་པས་དངོས་གནས་ཧ་ཅང་དགའ་པོ་བྱུང”ཞེས་བཤད་པ་རེད།

    བསྡོམས་རྩིས་ལྟར་ན། སྣང་རྩེ་གྲོང་ཚོར་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྱོན་31ཡོད་པ་ལས། སློབ་མ་26ལ་སྔ་རྗེས་སུ་རོགས་སྐྱོར་ཐོབ་ཅིང་། མིག་སྔར་རོགས་སྐྱོར་མ་དངུལ་ཚང་མ་སློབ་མར་ལག་འབྱོར་བྱུང་ཡོད་པ་རེད། དེའང་མཐོ་རིམ་སློབ་འབྲིང་གི་སློབ་མ་1ལ་ལོ་རེར་སྒོར་3000དང་། སློབ་མ་18ལ་ལོ་རེར་སྒོར་1000 སློབ་མ་7ལ་ལོ་རེར་སྒོར་500བཅས་ཁྱོན་སྒོར་24500སྤྲོད་ཀྱི་ཡོད་པ་རེད།

    གཅེས་སེམས་མི་སྣ་ཞིག་གིས《སྣང་རྩེ་གྲོང་ཚོའི་སློབ་གསོ་འཕེལ་རྒྱས་ལ་མཉམ་དུ་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ》མཐོང་རྗེས་སེམས་འགུལ་ཟབ་མོ་ཐེབས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ཁ་པར་བརྒྱབ་སྟེ། “རོགས་སྐྱོར་མ་དངུལ་སྤྲོད་པའི་བྱེད་སྟངས་དེ་ཡིད་ཆེས་བྱེད་ཆོག་པ་དང་བློས་འགེལ་ཆོག་པ་ཞིག་འདུག་ལ། ང་ཚོ་གཅེས་སེམས་མི་སྣའི་ངོས་ནས་བརྗོད་ནའང་རང་ཉིད་ཀྱི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ནས་རོགས་སྐྱོར་བྱེད་ཆོག་གི་འདུག བྱ་ཐབས་དེ་དག་བརྒྱུད་བོད་སྔར་བར་ཤེས་རྟོགས་ཐུབ་པ་དང་བོད་ལ་དོ་ཁུར་བྱེད་ཐུབ་ཀྱི་འདུག ངས་ས་གནས་དེ་གའི་གནས་ཚུལ་རང་ཉིད་ཀྱི་ཕྲུ་གུར་བཤད་པས་ཕྲུ་གུ་ཚོ་ཡང་སེམས་འགུལ་ཐེབས་སོང་། བྱེད་སྒོ་དེར་ཞུགས་པ་བརྒྱུད་རང་ཉིད་དང་ཕྲུ་གུ་གཉིས་ཀར་ལྕག་སྐུལ་བློ་འཕེལ་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་སློབ་གསོ་ཟབ་མོ་ཞིག་ཐེབས་བྱུང”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།